ཨ་མེ་རི་ཁའི F-35རྟགས་ཅན་གྱི་གནམ་གྲུ་སར་ལྷུང་བ་དང་ཁ་ལོ་བ་ཐར་ཡང་གནམ་གྲུའི་ཆག་རོ་རྙེད་མེད།
2023.09.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་མཚོ་དམག་སྐམ་འཐབ་རུ་ཁག་གིF-35Bརྟགས་ཅན་གྱི་གློག་འཁྱུག་གཉིས་པ་ཅན་གྱི་ཡིབ་ནུས་ལྡན་པའི་འཐབ་འཛིང་གནམ་གྲུ་ཞིག་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་ཨ་མེ་རི་ཁའི་ལྷོ་ཕྱོགས་ཀྱི་ཁཱ་ལོ་ལའེ་ནཱ་མངའ་སྡེ་ནས་སར་ལྷུང་བ་དང་། གནམ་གྲུའི་ཁ་ལོ་བ་ཐར་ཡོད་ལ། འཐབ་འཛིང་གནམ་གྲུའི་ཆག་རོ་རྙེད་མེད་ཟེར། དོན་རྐྱེན་བྱུང་སྐབས F-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་གཉིས་རུ་དཔུང་སྒྲིག་ནས་འཕུར་སྐྱོད་སྦྱོང་བརྡར་བྱེད་སྐབས་བྱེད་བཞིན་ཡོད་ལ། ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།