མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་ལི་པུ་ཡཱའི་ཆུ་རགས་ཆེན་མོ་གཉིས་ཉེན་ཁར་འཕྲད་ཡོད་པའི་ཉེན་བརྡ་བཏང་།
2023.09.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཉེ་སྔོན་བསྒྲགས་པ་ལྟར་ན། ཟླ་འདིའི་ཟླ་སྟོད་དུ་ལི་པུ་ཡཱ་རུ་ཆུ་ལོག་གི་གནོད་འཚེ་བྱུང་རྗེས། མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་ཆུ་རགས་ཆེན་མོ་གཞན་པ་གཉིས་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན། མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་བཤད་རྒྱུར། ཉེན་ཁར་འཕྲད་པའི་ཆུ་རགས་ཆེན་མོ་དེ་ནིགཏོར་བརླག་ཐེབས་པའི་ཏི་ཨར་ནཱ་དང་པཱ་ཅཱ་ཞི་གྲོང་ཁྱེར་བར་མཚམས་སུ་གནས་པའི་ཅཱ་ཀྲ་ཆུ་རགས་ཆེན་མོ་དང་། པན་ཅཱ་ཞིའི་ཉེ་འདབས་ཀྱི་ཀའེ་ཐཱ་ལཱ་ཆུ་རགས་ཆེན་མོ་རེད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་བཤད་པ་ལྟར་ན། ཆུ་རགས་ཆེན་མོ་དེ་གཉིས་ཀྱི་གཏན་འཇགས་རང་བཞིན་ཐད་ཕན་ཚུན་འགལ་བར་གྱུར་བའི་བཤད་ཚུལ་ཡོད་པ་རེད། ས་དེའི་དབང་འཛིན་ལས་ཁུངས་ཀྱིས་བཤད་ན་ཆུ་རགས་ཆེན་མོ་དེ་གཉིས་སྲ་བརྟན་ཡིན་པར་མ་ཟད་བྱེད་ནུས་རྒྱུན་ལྡན་ཡིན་ཟེར། ས་དེའི་དབང་འཛིན་ལས་ཁུངས་ཀྱིས་བཤད་རྒྱུར། ལས་བྱེད་མི་སྣས་ཅཱ་ཀྲ་ཆུ་རགས་ཆེན་མོར་ཆུ་འཐེན་འཕྲུལ་ཆས་སྒྲིག་སྦྱོར་བྱས་ནས་གནོད་ཤུགས་ཞི་འཇགས་སུ་གཏོང་བཞིན་ཡོད་ཟེར།

བསྒྲགས་པ་ལྟར་ན། ཏི་ཨར་ནཱ་ལ་གཟའ་འཁོར་སྔོན་མའི་གཟའ་མཇུག་ཏུ་དྲག་ཆར་གྱི་གནོད་འཚེ་ཚབས་ཆེན་ཐེབས་པ་དང་། རྒྱུ་མཚན་གཙོ་བོ་ནི་ཆུ་རགས་ཆེན་མོ་དེ་གཉིས་ཀྱི་རགས་ཁ་ཤོར་བས་རེད་ཟེར། དྲག་རླུང་ཆེན་མོར་གནོད་འཚེ་ལས་མི་ཁྲི་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་ལྷག་གར་སོང་རྙེད་མེད་ཟེར། དབང་འཛིན་ལས་ཁུངས་ཀྱིས་མིག་སྔར་ད་རུང་ཁ་གྲངས་གསལ་བོར་བསྒྲགས་མེད།

རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། ལི་པུ་ཡཱའི་བྱང་ཤར་ས་ཁུལ་ནས་བྱུང་བའི་གནོད་འཚེ་དེ་ལས་མི་ཁྲི་བཞི་ལྷག་ལ་འགྲོ་སའི་ཁྱིམ་མེད་པར་གྱུར་བ་དང་། དོན་དངོས་ཀྱི་ཁ་གྲངས་དེ་ལས་ཀྱང་མཐོ་སྲིད་ཟེར།

གནོད་ཐེབས་ཚབས་ཆེ་བའི་ས་ཁུལ་མང་བོའི་ཁ་གྲངས་དེ་མིག་སྔར་དརུང་བདེན་དཔང་གསལ་བོ་བྱེད་ཐབས་མེད་ཟེར། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་འབྲུ་རིགས་གྲ་སྒྲིག་མཁོ་འདོན་བྱས་ནས། གནོད་ཐེབས་ས་ཁུལ་གྱི་མི་འབུམ་གཅིག་གི་ཟླ་ངོ་གསུམ་གྱི་འཚོ་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།