ས་དེའི་ཚེས་བཅུ་དགུ་ཉིན་གྱི་དགོང་མོར། དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཅེ་ཉིང་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ། ཕཱ་ལེ་སི་ཐན་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ས་དེའི་སྡོད་དམངས་བཀག་འགོག་བྱས་པ་དང་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱུང་བ་རེད་ཟེར། ཕཱ་ལེ་སི་ཐན་གྱི་དཔོན་རིགས་ཀྱིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ལས་ཕཱ་ལེ་སི་ཐན་གྱི་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། ཉུང་མཐར་ཡང་མི་སུམ་ཅུ་ལྷག་ལ་རྨས་ཕོག་ཡོད་ཟེར། ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དབྱི་སི་རལ་དང་འབྲེལ་བའི་རྒྱལ་མཚམས་ས་ཁུལ་ནས་ཕཱ་ལེ་སི་ཐན་གྱི་མི་གཅིག་བསད་ཟེར། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ལུའུ་ཏའེ་ནཱ་ཡིས་ཚེས་བཅུ་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ལས་ས་ཁུལ་ཧྲིལ་བོ་ཡང་བསྐྱར་དྲག་ཤུགས་དང་འཁྲུག་རྩོད་བྱུང་བའི་ཛ་དྲག་གི་རྣམ་པར་བསྒྱུར་བར་རྒོལ་གཏམ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།