ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་གྱིས་དབྱི་ལིང་དུ་འཚམས་འདྲི་བྱས།
2023.09.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 44

ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཚེས་བཅུ་དགུ་ཉིན་འཐུས་ཚབ་ཚོགས་པ་ཁྲིད་དེ་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་དུ་འབྱོར་ནས་འཚམས་འདྲི་བྱས། དབྱི་ལིང་སྨྱན་བྱད་ཀྱིས་ཉིན་དེར་བསྒྲགས་པ་ལྟར་ན། ཧྲའོ་དབྱེ་ཀུའུ་ཡིས་དབྱི་ལིང་གི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པ་པཱ་ཀའེ་ལི་སོགས་མཐོ་རིམ་དཔོན་རིགས་དང་གྲོས་མོལ་བྱས་ཏེ། རྒྱལ་སྲུང་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་འཇིགས་སྐུལ་ངོ་རྒོལ་གྱི་མཉམ་ལས་སོགས་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།