ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་ཚེས་བཅུ་དགུ་ཉིན་སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་སྐབས། ཨ་མེ་རི་ཁས་ཁུ་པཱ་རྒྱལ་ཁབ་ལ་ལོ་ངོ་དྲུག་ཅུ་ལྷག་རིང་དཔལ་འབྱོར་བཀག་སྡོམ་བྱས་པས་ཁུ་པཱའི་འབྲུ་རིགས་དང་སྨན་རྫས་སོགས་དཀོན་པའི་སྣང་ཚུལ་བྱུང་བར་མ་ཟད། ཁུ་པཱའི་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད་ལ། ཁུ་པཱའི་འཕེལ་རྒྱས་སྦས་ཤུགས་ལ་གཏོར་བརླག་བཏང་ཡོད། ཨ་མེ་རི་ཁའི་བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ལ་འགལ་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།