དབྱིན་ཇིའི་རྒྱལ་བོས་ཧྥ་རན་སི་རུ་འཚམས་འདྲི་བྱས་ཏེ་མཛའ་མཐུན་འབྲེལ་བར་ཤུགས་སྣོན་པའི་འབོད་སྐུལ་བཏང་།
2023.09.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་དགུ་བའི་ཚེས་ཉི་ཤུ་ཉིན། ཧྥ་རན་སིའི་ཕཱ་རེ་སིའི་ཉེ་འདབས་ཀྱི་ཧྥན་ཨར་སེ་ཕོ་བྲང་ནས། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་ལྕམ་མོ་པུའུ་ལོས་ཅི་ཐི་གཉིས་ཀྱིས་རྒྱལ་སྟོན་ལ་ཞུགས་པར་ཡོང་བའི་དབྱིན་ཇིའི་རྒྱལ་བོ་ཁྲ་ཨར་སི་སྐུ་ཕྲེང་གསུམ་པ་དང་རྒྱལ་བོའི་བཙུན་མོ་ཁཱ་མུས་ལཱ་གཉིས་ལ་བསུ་བ་ཞུས།

ཟླ་དགུ་བའི་ཚེས་ཉི་ཤུ་ཉིན། ཧྥ་རན་སིའི་ཕཱ་རེ་སིའི་ཉེ་འདབས་ཀྱི་ཧྥན་ཨར་སེ་ཕོ་བྲང་ནས། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་རྒྱལ་སྟོན་ལ་ཞུགས་པར་ཡོང་བའི་དབྱིན་ཇིའི་རྒྱལ་བོ་ཁྲ་ཨར་སི་སྐུ་ཕྲེང་གསུམ་པར་བསུ་བ་ཞུས།

ཟླ་དགུ་བའི་ཚེས་ཉི་ཤུ་ཉིན། ཧྥ་རན་སིའི་ཕཱ་རེ་སིའི་ཉེ་འདབས་ཀྱི་ཧྥན་ཨར་སེ་ཕོ་བྲང་ནས། དབྱིན་ཇིའི་རྒྱལ་བོ་ཁྲ་ཨར་སི་སྐུ་ཕྲེང་གསུམ་པ་རྒྱལ་སྟོན་ཡུལ་དངོས་སུ་འབྱོར།

ཧྥ་རན་སི་རུ་འཚམས་འདྲི་བྱེད་བཞིན་པའི་དབྱིན་ཇིའི་རྒྱལ་བོ་ཁྲ་ཨར་སི་སྐུ་ཕྲེང་གསུམ་པས་ཚེས་ཉེར་གཅིག་ཉིན་ཧྥ་རན་སིའི་གྲོས་ཞུགས་ཁང་ནས་གཏམ་བཤད་སྤེལ་ཏེ། དབྱིན་ཇི་དང་ཧྥ་རན་སི་ཡིས་མཛའ་མཐུན་འབྲེལ་བར་ཤུགས་སྣོན་བྱས་ནས། མཉམ་དུ་རྒྱུན་མཐུད་འཕེལ་རྒྱས་ཐད་འབད་འབུང་བྱེད་དགོས་པའི་འབོད་སྐུལ་བཏང་།

ཁྲ་ཨར་སི་སྐུ་ཕྲེང་གསུམ་པས་གཏམ་བཤད་སྤེལ་སྐབས་དབྱིན་ཇི་དང་ཧྥ་རན་སིའི་མཛའ་མཐུན་ཆིངས་ཡིག་ལ་གཅེས་སྤྲས་དང་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། དེ་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་རྒྱུན་མཐུད་འཕེལ་རྒྱས་ལ་འབད་འབུངས་བྱེད་པའི་མཛའ་མཐུན་འབྲེལ་བར་རྒྱ་བསྐྱེད་དེ། སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་ནམ་ཟླ་དང་སྐྱེ་དངོས་སྣ་མང་ཅན་ཁྱབ་ཁོངས་ཀྱི་འཛམ་གླིང་ཡོངས་ཀྱི་བྲེལ་མྱུར་གནས་ཚུལ་ཐག་གཅོད་བྱེད་དགོས་པའི་གྲོས་གཞི་བཏོན། གཏམ་བཤད་སྤེལ་སྐབས་ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་དང་གྲོས་ཞུགས་ཁང་གི་གྲོས་མི་སུམ་བརྒྱ་ཙམ་བྱ་འགུལ་དེར་ཞུགས་ཡོད།

ཁྲ་ཨར་སི་སྐུ་ཕྲེང་གསུམ་པ་དང་རྒྱལ་བོའི་བཙུན་མོ་ཁཱ་མུས་ལཱ་གཉིས་ཀྱིས་ཟླ་འདིའི་ཚེས་ཉི་ཤུ་ཉིན་ནས་བཟུང་ཧྥ་རན་སིར་རྒྱལ་དོན་འཚམས་འདྲི་བྱེད་མགོ་བརྩམས་པ་ཡིན་ལ། ཚོད་དཔག་བྱས་ན་ཚེས་ཉེར་གཉིས་ཉིན་བར་འཚམས་འདྲི་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།