དབྱི་ལིང་སྨྱན་བྱད་ཀྱིས་ཚེས་ཉེར་གཅིག་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་དང་ཅི་པུའུ་ཐིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་ཁེ་ཕན་ལ་གཞིགས་ནས་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་རྒྱུ་ཐག་བཅད་ཡོད་ཟེར། བསྒྲགས་པ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་དངུལ་གཏོང་དང་ཉོ་ཚོང་། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཐག་བཅད་ཡོད་ཟེར།
ཉིས་སྟོང་བཅུ་དྲུག་ལོའི་ཟླ་དང་པོར། ཅི་པུའུ་ཐིས་ཀྱིས་དབྱི་ལིང་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཁང་ལ་རྔམ་སྟོན་ཁྲོམ་སྐོར་མཁན་གྱི་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་དང་། དེའི་རྗེས་སུ་དབྱི་ལིང་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།