ཨ་མེ་རི་ཁའི་ཏི་ཁི་སཱ་སི་མངའ་སྡེའི་ཏི་ཨར་ལི་ཨོ་དང་ཨེ་ཨར་ཕཱ་སོ། དབྱེ་ཀི་ཨར་ཕཱ་སི་གྲོང་ཁྱེར་སོགས་ས་ཁུལ་དུ་ཉེ་སྔོན་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་ཁ་གྲངས་མྱུར་མོར་ཇེ་མང་དུ་སོང་། ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། འདས་པའི་དུས་ཚོད་ཉེར་བཞིའི་ནང་ཁྲིམས་འགལ་གནས་སྤོར་སྡོད་དམངས་སྟོང་བརྒྱད་དང་དྲུག་བརྒྱ་ཙམ་ལྷོ་ཕྱོགས་ཀྱི་རྒྱལ་མཚམས་བརྒལ་བ་རེད། ཏི་ཁི་སཱ་སི་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཁྲིམས་འགལ་གནས་སྤོར་སྡོད་དམངས་སྟོང་ཕྲག་འགའ་དབྱེ་ཀི་ཨར་ཕཱ་སི་གྲོང་ཁྱེར་དུ་ཡོང་བའི་དབང་གིས་མིག་སྔར་གྲོང་ཁྱེར་དེས་དོགས་ཟོན་མཐོར་འདེགས་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།