ཐུར་ཁེའི་ནང་སྲིད་པུའུ་ཀྲང་ཡེ་ཨར་ལེ་ཁཱ་ཡཱ་ཡིས་ཚེས་ཉེར་བཞི་ཉིན་སྨྱན་བྱད་ལ་བཤད་རྒྱུར། ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཉེ་སྔོན་ཨ་ལེ་དང་མུའུ་ལཱ་སོགས་ཞིང་ཆེན་བདུན་ནས་གཞི་རྒྱ་ཆེ་བའི་དུག་འགོག་འགུལ་སྐྱོད་སྤེལ་བ་དང་། དུག་རྫས་ལྐོག་འཚོང་མཁན་དོན་གཉིས་འཛིན་བཟུང་བྱས་པར་མ་ཟད་དུག་རྫས་མང་བོ་བརྩད་ཆོད་ཡོད་ཟེར།
ཡེ་ཨར་ལེ་ཁཱ་ཡཱ་ཡིས་བཤད་རྒྱུར། ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཉེ་སྔོན་ཚད་ལྡན་དམག་དཔུང་གི་རམ་འདེགས་འོག ཨ་ལེ་དང་མུའུ་ལཱ། ཏིས་ཡཱ་པཱ་ཁི་ཨར། ཐེ་ཅི་ཨར་ཏཱ། སཱ་ཁཱ་ལི་ཡཱ། ཨེ་ཏིན། པེན་ཀི་ཨར་བཅས་ཞིང་ཆེན་བདུན་ནས་གཞི་རྒྱ་ཆེ་བའི་དུག་འགོག་འགུལ་སྐྱོད་སྤེལ་ཏེ། ཤུགས་ཆེན་པོས་དུག་རྫས་ནག་ཉེས་ལ་ཆམ་ཕབ་བཏང་། ཉེན་རྟོག་ཕྱོགས་ཀྱིས་ཨ་ལེ་དང་མུའུ་ལཱ། ཨེ་ཏིན་སོགས་ཞིང་ཆེན་ནས་གཤེར་གཟུགས་ཀྱི་དུག་རྫས་མང་བོ་བརྩད་ཆོད་པ་དང་། ཏིས་ཡཱ་པཱ་ཁི་ཨར་དང་ཐེ་ཅི་ཨར་ཏཱ། སཱ་ཁཱ་ལི་ཡཱ། པེན་ཀི་ཨར་སོགས་ཞིང་ཆེན་ནས་སོ་མ་ར་ཛ་དང་དུག་རྫས་གཞན་པ་མང་བོ་བརྩད་ཆོད་ཡོད་ཟེར།
ཐུར་ཁེ་དེ་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་སྐམ་ས་གཉིས་སུ་གནས་ཤིང་། རྒྱལ་སྤྱིའི་དུག་རྫས་ལྐོག་འཚོང་ལམ་ཐིག་མང་བོ་གནས་དེ་བརྒྱུད་བཞིན་ཡོད། རྒྱུ་ཆ་ལས་མངོན་པ་ལྟར་ན། མིག་སྔར་ཐུར་ཁེ་རུ་དུག་རྫས་ནག་ཉེས་བཟོས་པའི་མི་སྣ་འབུམ་གཅིག་དང་ཁྲི་གཉིས་སྟོང་དྲུག་ཙམ་བཀག་འཇུག་བྱས་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།