མར་ཐཱ་ཡིས་སྐབས་ཉེར་བདུན་པའི་མར་ཐཱའི་རྒྱལ་སྤྱིའི་མཁའ་འགྲུལ་འགྲེམ་སྟོན་ཚོགས་འདུ་སྤེལ།
2023.09.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཚོགས་ཡུན་ཉིན་གཉིས་ཡིན་པའི་སྐབས་ཉེར་བདུན་པའི་མར་ཐཱའི་རྒྱལ་སྤྱིའི་མཁའ་འགྲུལ་འགྲེམ་སྟོན་ཚོགས་འདུ་ཚེས་ཉེར་བཞི་ཉིན་མཇུག་སྒྲིལ། མར་ཐཱ་དང་དབྱིན་ཇི། སུའེ་ཙེར། དབྱི་ཐཱ་ལེ། ཧྥ་རན་སི། འཇར་མན། ཐུར་ཁེ། ཕོ་ལན་སོགས་རྒྱལ་ཁབ་ནས་ཡོང་བའི་གནམ་གྲུ་དྲུག་ཅུ་ཙམ་འགྲེམ་སྟོན་ལ་ཞུགས།

སྐབས་འདིའི་མཁའ་འགྲུལ་འགྲེམ་སྟོན་ལ་མར་ཐཱའི་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་སྤེལ་བའི་རྟགས་མི་འདྲ་བའི་གནམ་གྲུ་སོ་སོའི་འགྲེམ་སྟོན་ཡོད་པར་མ་ཟད། མར་ཐཱའི་པིན་ཏའོ་བྱང་མའི་ཧྲིན་པའོ་ལོ་མཚོ་ཁུགས་ཉེ་འདབས་སུ་སྤེལ་བའི་གནམ་གྲུ་འཕུར་རྩལ་འཁྲབ་སྟོན་ཡང་ཡོད་པས། ལྟད་མོ་བ་མང་བོའི་བློ་ཁ་བཀུག་ཡོད། ཡིན་ཡང་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་སྤེལ་བར་ཐག་བཅད་ཡོད་པའི་གནམ་གྲུའི་འཕུར་རྩལ་འཁྲབ་སྟོན་བྱ་འགུལ་གཉིས་ནམ་ཟླའི་ཤུགས་རྐྱེན་དབང་གིས་རྩིས་མེད་དུ་བཏང་བ་རེད།

མར་ཐཱའི་མཁའ་འགྲུལ་དགའ་མོས་མཁན་མུས་ཁཱ་ལའེ་ཧྥུའུ་ཡིས་བཤད་རྒྱུར། ཁོ་རང་ཕལ་ཆེར་སྐབས་རེ་རེའི་མར་ཐཱའི་རྒྱལ་སྤྱིའི་མཁའ་འགྲུལ་འགྲེམ་སྟོན་ལ་ཞུགས་པ་དང་། དེ་ནི་ཁོས་རེ་སྒུག་ཆེན་པོ་བྱེད་པའི་བྱ་འགུལ་ཅིག་ཡིན་ཟེར།

མར་ཐཱའི་རྒྱལ་སྤྱིའི་མཁའ་འགྲུལ་འགྲེམ་སྟོན་ནི་མར་ཐཱའི་མཁའ་འགྲུལ་མཐུན་ཚོགས་ཀྱིས་གཅིག་སྟོང་དགུ་བརྒྱ་གོ་གསུམ་ལོར་ཐོག་དང་པོར་སྤེལ་བ་དང་། དུས་རྒྱུན་དུ་ལོ་རེར་སྐབས་རེ་སྤེལ་བཞིན་ཡོད། མ་དངུལ་དཀོན་པ་དང་པྲོག་གསར་གློ་ཚད་རིམས་ནད་སོགས་ཀྱི་ཤུགས་རྐྱེན་ལས་ལོ་འགའི་ནང་སྤེལ་མཚམས་བཞག་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།