ཨུ་རུ་སིའི་སྨྱན་བྱད་ཀྱིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སི་ཡིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཡོན་ཀྲང་ཕིས་ཏི་ཧའོ་ཧྥུའུ་མན་སི་ཅི་འཛིན་བཟུང་མིང་ཐོའི་ནང་བཞག་ཡོད་ཟེར། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ད་ལོའི་ཟླ་གསུམ་པར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་འཛིན་བཟུང་བཀའ་རྒྱ་བཏང་བ་རེད།
ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཕིས་ཏི་ཧའོ་ཧྥུའུ་མན་སི་ཅི་ནི་ཕོ་ལན་གྱི་མི་ཡིན་པ་དང་། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཉེས་དོན་བཅའ་ཁྲིམས་ཀྱི་ནང་དོན་གཞིར་བཟུང་ནས་འཛིན་བཟུང་བཀའ་རྒྱ་བཏང་བ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།