མའོ་ཞི་ཁོའི་ནུབ་ཕྱོགས་ས་ཁུལ་དུ་དྲག་ཆར་བབས་ནས་ཆུ་ལོག་བྱུང་སྟེ་མི་བདུན་རྐྱེན་ལམ་དུ་ཤོར།
2023.09.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

མའོ་ཞི་ཁོའི་ནུབ་ཕྱོགས་ཀྱི་ཧཱ་ལེ་སི་ཁི་མངའ་སྡེའི་སྲིད་གཞུང་གིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། མངའ་སྡེ་དེའི་ཨོ་ཐི་ལན་ཏི་ནཱ་ཝ་ལོ་གྲོང་ཁྱེར་དུ་ཉིན་དེར་ཆར་བ་དྲག་པོ་བབས་པ་ལས་ཆུ་ལོག་བྱུང་ནས། མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་དགུ་གར་སོང་རྙེད་མེད།

ཧཱ་ལེ་སི་ཁི་མངའ་སྡེའི་སྲིད་གཞུང་གིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཉིན་དེའི་ཞོགས་པར་ཨོ་ཐི་ལན་ཏི་ནཱ་ཝ་ལོ་གྲོང་ཁྱེར་དུ་ཆར་བ་དྲག་པོ་བབས་པས། ཆུ་ལག་རྒྱས་ནས་ཆུ་ལོག་བྱུང་བ་རེད། ཆུ་ལོག་བྱུང་སའི་ཉེ་འདབས་ཀྱི་སྡོད་དམངས་ཀྱི་སྡོད་ཁང་དང་གཞུང་ལམ་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ལ། ས་གནས་སྲིད་གཞུང་གིས་མང་ཚོགས་དག་གིས་གནོད་འགོག་བྱ་བ་བཟང་བོར་བསྒྲུབ་པར་མཛུབ་སྟོན་བྱས་ཡོད་ཟེར།

མའོ་ཞི་ཁོ་རུ་སྤྱིར་བཏང་དུ་ལོ་རེའི་ཟླ་ལྔ་བ་ནས་ཟླ་དགུ་བའི་བར་ནི་ཆར་ལྡན་དུས་ཚིགས་ཡིན་ཞིང་། ལོ་ཧྲིལ་བོའི་བརྒྱ་ཆའི་དོན་ལྔའི་ཆར་ཆུ་འབབ་ཚད་ཆར་ལྡན་དུ་ཚིགས་སུ་གཅིག་བསྡུས་བྱས་ཡོད། མའོ་ཞི་ཁོ་ཡི་གནམ་གཤིས་བརྟག་དཔྱད་སྡེ་ཁག་གིས་བཤད་རྒྱུར། ཨིག་ཨར་ནེ་ནོའུ་སྣང་ཚུལ་སོགས་ཀྱི་ཤུགས་རྐྱེན་དབང་གིས་ད་ལོར་མའོ་ཞི་ཁོ་ཡི་ཆར་ལྡན་དུས་ཚིགས་དེ་ལོ་མཇུག་བར་དུ་རྒྱུན་བསྲིང་ངེས་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།