ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་ཉེར་བཞི་ཉིན་ཁྱབ་བསྒྲགས་བྱས་དོན། སྐྱེ་ཁམས་སྤོར་བསྒྱུར་ལ་སྐུལ་འདེད་བཏང་ནས་དྲོད་རླངས་ཉུང་གཏོང་གི་དམིགས་འབེན་མངོན་འགྱུར་བྱེད་ཆེད། ཧྥ་རན་སི་ཡིས་ཉིས་སྟོང་ཉེར་བདུན་ལོའི་སྔོན་ལ་རྡོ་སོལ་གློག་འདོན་གྱི་ཆེས་མཇུག་མཐའི་བཟོ་གྲྭ་གཉིས་ཀྱི་སྒོ་རྒྱག་རྒྱུ་ཡིན་ཟེར།
མཱ་ཁི་ལུང་གིས་ཉིན་དེར་བརྙན་འཕྲིན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། སྲོལ་རྒྱུན་གྱི་ནུས་ཁུངས་དཀོན་པོའི་སྦགས་བཙོག་ཚབས་ཆེན་ཡིན་ལ། སྐྱེ་ཁམས་སྤོར་བསྒྱུར་མངོན་བྱེད་དགོས་ན་ངེས་པར་དུ་རྡོ་སོལ་གློག་འདོན་མཚམས་འཇོག་དགོས། ཧྥ་རན་སི་རུ་ད་ལྟ་རྡོ་སོལ་གློག་འདོན་བཟོ་གྲྭ་གཉིས་ཡོད་པ་དང་། སོ་སོར་ནུབ་ཕྱོགས་ཀྱི་ཁི་ཨར་ཏི་མེད་གྲོང་ཁྱེར་དང་ཤར་ཕྱོགས་ཀྱི་ཧྲིན་ཨ་བོ་ཨར་ཏི་གྲོང་ཁྱེར་དུ་ཡོད། གློག་འདོན་བཟོ་གྲྭ་དེ་གཉིས་སྐྱེ་དངོས་ནུས་པའི་གློག་འདོན་བཟོ་གྲྭར་ལེགས་བཅོས་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་བསྟན་དོན། ཧྥ་རན་སི་ཡིས་ཡང་བསྐྱར་བཟོ་ལས་ཅན་གྱི་འཕེལ་རིམ་ཁྲོད་སྐྱེ་ཁམས་སྤོར་བསྒྱུར་ལ་མཐོང་ཆེན་བྱས་ནས་གློག་སྒུལ་རླངས་འཁོར་ས་གནས་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།