ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཨ་མེ་རི་ཁས་རོགས་སྐྱོར་བྱས་པའི་ཨེ་པུའུ་ལཱ་མུའུ་སི་གཙོ་འཐབ་ཐན་ཁི་འཁོར་ལོ་སྐོར་དང་པོ་དེ་ཝུའུ་ཁི་ལན་དུ་བསྐྱལ་ནས་འབྱོར་ཡོད་ཟེར།
ཙེ་ལེན་སི་ཅི་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཐན་ཁི་འཁོར་ལོ་དེ་དག་ཝུའུ་ཁི་ལན་གྱི་འཐབ་འཛིང་དམག་དཔུང་ལ་ཤུགས་སྣོན་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར་ཡང་། ཐན་ཁི་འཁོར་ལོའི་རྟགས་དང་ཁ་གྲངས་སོགས་བྱེ་བྲག་གི་གནས་ཚུལ་གསལ་བོར་བསྒྲགས་མེད།
ད་ལོའི་ཟླ་དང་པོར། ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་ཨེ་པུའུ་ལཱ་མུའུ་སི་གཙོ་འཐབ་ཐན་ཁི་འཁོར་ལོ་སོ་གཅིག་འདོན་སྤྲོད་བྱེད་རྒྱུ་ཁྱབ་བསྒྲགས་བྱས། ཨ་མེ་རི་ཁར་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་གིས་དེའི་སྔོན་དོན་དེའི་ཐད་ནས་བསྟན་དོན། ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་ཐན་ཁི་འཁོར་ལོ་འདོན་སྤྲོད་བྱས་པ་དེས་ཝུའུ་ཁི་ལན་ལ་འགོག་སྲུང་རང་བཞིན་གྱི་མཚོན་ཆ་འདོན་སྤྲོད་བྱེད་པའི་གནས་ཚུལ་དེ་ཡག་བཤད་བྱེད་ཐབས་མེད་ལ། ཨུ་རུ་སིར་ཡང་བསྐྱར་མངོན་སུམ་འཛེམ་མེད་དུ་དཀྲུག་འཕེན་བྱས་པ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།