ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་འཕེལ་རྒྱས་ཁང་དང་ཨ་ཧྥེ་རི་ཁ་གླིང་འཕེལ་རྒྱས་གྲོགས་པོ་གསར་བའི་འཆར་གཞི། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དུ་སྡོད་པའི་ཀྲུང་གོའི་ཐུས་ཚབ་ཚོགས་པ། ཀྲུང་གོའི་ཚན་རིག་གླིང་བཅས་ཀྱིས་ཚེས་ཉེར་བདུན་ཉིན་མཉམ་དུ་ཨ་ཧྥེ་རི་ཁ་གླིང་ཞིང་ལས་ལག་རྩལ་ཐེབས་རྩ་ཚོགས་པ་དང་ཁུན་ནེ་ཡཱ་རྒྱལ་ཁབ་གསར་གཏོད་ཅུའུ། ཁུན་ནེ་ཡཱ་ཆའོ་མའོ་ཁུན་ཡཱ་ཐཱ་ཞིང་ལས་ལག་རྩལ་སློབ་ཆེན། ཀྲུང་གོའི་ཞིང་ལས་ཚན་རིག་གླིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་གསར་གཏོད་མཉམ་ལས་ལྟེ་གནས་བཅས་ཀྱིས་མཉམ་དུ་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་བྱས་ནས་ཨ་ཧྥེ་རི་ཁ་གླིང་གི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲོས་འདོན་སྤེལ།
གྲོས་འདོན་དེར་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་ནས་ཡོང་བའི་ཚན་རིག་པ་བརྒྱ་ལྷག་གི་གཅིག་གྱུར་ཁས་ལེན་ཐོབ་ཡོད། གྲོས་འདོན་ལྟར་ན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ཚོགས་ཞུགས་ཕྱོགས་ཁག་སོ་སོས་མཉམ་དུ་ཨ་ཧྥེ་རི་ཁ་གླིང་གི་འབྲུ་རིགས་དང་ཆུ། ཁོར་ཡུག་སྲུང་སྐྱོབ་དང་ཚན་རིག་འཕེལ་རྒྱས་ཀྱི་འགུལ་སྐྱོད་འཆར་གཞི་སྤེལ་བ་དང་། ཀྲུང་གོའི་ཚན་རིག་སློབ་གསོའི་ལས་ཁུངས་དང་ཨ་ཧྥེ་རི་ཁ་གླིང་འཕེལ་རྒྱས་འཆར་འགོད་ཁང་། རྒྱལ་སྤྱིའི་རྩ་འཛུགས་བཅས་བར་གྱི་ཚན་རྩལ་གསར་གཏོད་མཉམ་ལས་དང་བརྗེ་རེས་རྐྱེན་སྲོལ་བཙུགས་ཏེ། ཕྱོགས་སོ་སོའི་ཚན་རྩལ་གསར་གཏོད་མཉམ་ལས་དང་གྲུབ་འབྲས་མཉམ་སྤྱོད། ནུས་པའི་འཛུགས་སྐྲུན། འཇོན་མིའི་གསོ་སྐྱོང་བཅས་ལ་ཤུགས་སྣོན་བྱས་ནས། ཨ་ཧྥེ་རི་ཁ་གླིང་གི་འབྲུ་རིགས་བདེ་འཇགས་དང་ཆུའི་ཐོན་ཁུངས་བདེ་འཇགས། སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་བཅས་ཀྱི་ཐད་བྱས་རྗེས་འཇོག་རྒྱུ་རེད།
ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་ཕྱོགས་གཉིས་ཀྱིས་གྲོས་འདོན་ནང་ཉིས་སྟོང་ཉེར་བཞི་ལོ་ནས་ཉིས་སྟོང་ཉེར་བདུན་ལོའི་བར་འབྲུ་རིགས་ཐོན་སྐྱེད་དང་ཆུའི་ཐོན་ཁུངས་དོ་དམ། སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་སོགས་ཁྱབ་ཁོངས་ནས་ཚན་རྩལ་གསར་གཏོད་མཉམ་ལས་བྱ་བ་སྤེལ་བའི་གྲོས་གཞི་མཉམ་དུ་བཏོན།
གྲོས་གཞི་ལས་ཨ་ཧྥེ་རི་ཁ་གླིང་གི་འབྲུ་རིགས་བདེ་འཇགས་དང་སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ། ཆུའི་ཐོན་ཁུངས་ཀྱི་ཚན་རིག་དོ་དམ་སོགས་ལ་སྐུལ་འདེད་གཏོང་བའི་ཁྱབ་ཁོངས་ནས། ལོ་ངོ་གསུམ་རེའི་ནང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གིས་རྒྱལ་སྤྱིའི་གླེང་སྟེགས་ཐེངས་རེ་རེས་མོས་ཀྱིས་སྤེལ་ནས། ཚན་རྩལ་གསར་གཏོད་གྲུབ་འབྲས་དང་ལག་རྩལ་བེད་སྤྱོད་ཕན་འབྲས་ཀྱི་དཔྱད་འཇོག་ཐད་ནས་བརྗེ་རེས་བྱེད་རྒྱུ་མ་ཟད་འཕེལ་རྒྱས་ཁ་ཕྱོགས་ལེགས་བསྒྱུར་བྱེད་དགོས་པའི་གྲོས་གཞི་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།