རྒྱལ་སྤྱིའི་ནུས་ཁུངས་འཆར་འགོད་ཁང་གིས་ཚེས་ཉེར་དྲུག་ཉིན་སྙན་ཞུ་སྤེལ་ཏེ། འཛམ་གླིང་ཡོངས་ཀྱི་ནུས་ཁུངས་ལས་རིགས་སུ་དྲོད་རླངས་ཕྱིར་གཏོང་ཅི་ཡང་མེད་པའི་དམིགས་འབེན་མངོན་འགྱུར་བྱེད་པའི་དགོས་གལ་སྔར་ལས་ཆེ་ཡང་། ནུས་ཁུངས་གསར་བའི་ལག་རྩལ་གོང་འཕེལ་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་སོགས་ལ་བརྟེན་ནས། གོང་གི་དམིགས་འབེན་དེ་མངོན་འགྱུར་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་དྲོད་ཚད་ཇེ་མཐོར་འགྲོ་ཚད་དྲོད་གྲངས་གཅིག་དང་གྲངས་ཆུང་ལྔའི་ནང་ཚོད་འཛིན་བྱེད་པར་སྔར་བཞིན་རེ་བ་ཡོད་ཟེར།
སྙན་ཞུ་ལས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོའི་ཚུན་ལ། ཉི་འོད་ནུས་པའི་གློག་འདོན་ནུས་པ་དང་གློག་སྒུལ་རླངས་འཁོར་གྱི་ཕྱིར་འཚོང་གི་ཚད་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཡོད་ལ། དེ་དུས་རབས་འདིའི་དུས་དཀྱིལ་དུ་ཕྱིར་གཏོང་གི་ཚད་ཅི་ཡང་མེད་པ་མངོན་འགྱུར་བྱེད་པའི་འགུལ་སྐྱོད་ལམ་ཐིག་དང་འཚམ་ལ། དོན་སྙིང་གལ་ཆེན་ལྡན། དེ་ལས་གཞན་དག་གཙང་ནུས་ཁུངས་ཀྱི་གསར་གཏོད་ཐད་ལའང་སྔར་ལས་མང་བའི་གདམ་གསེས་འདོན་སྤྲོད་བྱས་ཏེ་ལག་རྩལ་མ་རྩལ་ཇེ་དམའ་རུ་བཏང་ཡོད་ཟེར།
སྙན་ཞུ་ལས་ད་རུང་རྒྱལ་ཁབ་ཀྱི་གནས་ཚུལ་མི་འདྲ་བ་དང་འདྲ་མཉམ་བར་བརྒལ་མངོན་འགྱུར་བྱེད་པའི་གལ་ཆེན་རང་བཞིན་ལ་བསམ་བློ་བཏང་དགོས་པ་ནན་བཤད་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།