ཁོང་གོ་པུའུ་ཡི་ཙུང་ཐུང་གིས་ཀྲུང་གོའི་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཆུ་ཚད་མཐོན་པོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།
2023.09.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཁོང་གོ་པུའུ་ཡི་ཙུང་ཐུང་སཱ་སུའུ་ཡིས་ཚེས་ཉེར་བདུན་ཉིན་བསྟན་དོན། ཁོང་གོ་པུའུ་དང་ཀྲུང་གོ་ནི་དཀའ་སྡུག་མཉམ་མྱོང་གི་གྲོགས་པོ་དང་སྤུན་ཟླ་བཟང་བོ་ཡིན་པས། ཁོང་གོ་པུའུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་དེ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

སཱ་སུའུ་ཡིས་ཉིན་དེར་རྒྱལ་ས་པུའུ་ལཱ་ཁྲེ་ཝེ་ཨར་ནས་ཁོང་གོ་པུའུ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལིས་ཡན་གྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བཤད་རྒྱུར། ཁོང་གོ་པུའུ་དང་ཀྲུང་གོའི་བར་དུས་ཡུན་རིང་བོའི་མཛའ་འབྲེལ་ལྡན་པ་དང་། དཀའ་སྡུག་མཉམ་མྱོང་གི་གྲོགས་པོ་དང་སྤུན་ཟླ་བཟང་བོ་ཡིན། སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བའི་མཉམ་དུ་དགའ་སྟོན་རྟེན་འབྲེལ་ཞུ་བར་རེ་སྒུག་ཆེན་པོ་བྱས་ཡོད་ལ། དེ་གོ་སྐབས་སུ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཀྱི་ལེའུ་གསར་བ་གསར་འབྱེད་བྱས་ཏེ། ཁོང་གོ་པུའུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་དེ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལིས་ཡན་གྱིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་སྐུ་དངོས་སུ་འཆར་འགོད་བྱས་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཁོང་གོ་པུའུ་ཡི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་འདོད་ཡོད། རང་གི་འགན་ཡུན་ནང་ཁོང་གོ་པུའུ་དང་མཉམ་དུ་ཕྱོགས་ཡོངས་ནས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབས་བྱས་ཏེ། ཀྲུང་གོ་དང་ཁོང་གོ་པུའུ་ཡི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་བོ་ཐོབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།