ཁཱ་ནཱ་ཏཱའི་མེ་གསོད་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་བར། ད་ལོའི་ཁཱ་ནཱ་ཏཱའི་ནགས་ཚལ་མེ་སྐྱོན་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་འབུམ་གཅིག་དང་ཁྲི་བརྒྱད་སྟོང་གཅིག་ལ་བསླེབས་ཡོད། དེའི་ནང་པུའུ་ལེ་ཏེན་ཁོ་ལོམ་པུ་ཡཱ་ཞིང་ཆེན་དང་ཡུས་ཁུང་ས་ཁུལ། ནུབ་བྱང་ས་ཁུལ་བཅས་ཀྱི་མེ་སྐྱོན་ལྷག་ཏུ་ཚབས་ཆེན་རེད། ནགས་ཚལ་མེ་སྐྱོན་ལས་བྱུང་བའི་དུད་སྨུག་གི་ཤུགས་རྐྱེན་དབང་གིས་ཀི་ལིན་ལན་གླིང་ཕྲན་གྱི་ལྟེ་གནས་གྲོང་ཁྱེར་ནོའུ་ཁི་ཡི་བར་སྣང་ཉེ་སྔོན་དུག་སྨུག་གིས་ཡོངས་སུ་གཡོགས་ཡོད། ཚེས་ཉེར་བདུན་ཉིན་གྱི་འཁོར་སྐར་བརྙན་རིས་ལས་མངོན་པ་ལྟར་ན། དུད་སྨུག་དེ་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་ནས་ཤར་ཕྱོགས་ཀྱི་ཨིར་ལན་ཕྱོགས་སུ་བསྐྱོད་བཞིན་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།