ཁོ་ལོམ་པུ་ཡཱའི་སྲིད་གཞུང་དཔོན་རིགས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞིའི་ནང་ཞུགས་པར་རེ་སྒུག་བྱས་ཡོད་པའི་ཚུལ་བསྟན།
2023.09.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཁོ་ལོམ་པུ་ཡཱའི་ཉོ་ཚོང་དང་བཟོ་ལས། གནས་སྐོར་བཅས་ཀྱི་པུའུ་ཀྲང་གཞོན་པ་པཱ་ཨར་ཅཱ་སི་ཡིས་ཚེས་ཉེར་དྲུག་ཉིན་རྒྱལ་ས་པའོ་ཀི་ཏཱ་ནས་སྐབས་བདུན་པའི་ཀྲུང་གོའི་བར་གྱི་གྲོས་མོལ་ཞེས་པའི་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོར་ཞུགས་ནས་གཏམ་བཤད་སྤེལ་ཏེ། ཁོ་ལོམ་པུ་ཡཱའི་སྲིད་གཞུང་རྒྱུད་གཅིག་ལམ་གཅིག་གྲོས་གཞིའི་ནང་ཞུགས་པའི་རྣམ་འགྱུར་ལེགས་པ་དང་། རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་ལས་གཞི་དེ་ཁོ་ལོམ་པུ་ཡཱ་དང་ཀྲུང་གོའི་ཁེ་ལས་ལ་མཚོན་ན་ཕན་ཐོགས་ཡོད་ཟེར།

ཁོ་ལོམ་པུ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཁོ་ལོམ་པུ་ཡཱའི་ཀྲུང་གོའི་དངུལ་གཏོང་ཉོ་ཚོང་ཚོང་ཚོགས་ཀྱིས་མཉམ་དུ་སྤེལ་བའི་སྐབས་བདུན་པའི་ཀྲུང་གོའི་བར་གྱི་གྲོས་མོལ་ཞེས་པའི་གླེང་སྟེགས་ཚེས་ཉེར་དྲུག་ཉིན་པའོ་ཀི་ཏཱ་ནས་ཚོགས་མགོ་བརྩམས། ཀྲུང་གོ་དང་ཁོ་ལོམ་པུ་ཡཱ་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ལས་རིགས་དང་ཚོང་དོན་ལས་རིགས། རིགས་གཞུང་ལས་རིགས་བཅས་ཀྱི་འཐུས་མིས་རྒྱུད་གཅིག་ལམ་གཅིག་གི་བརྗོད་སྙིང་དེར་དམིགས་ནས་གྲོས་བསྡུར་ཟབ་མོ་བྱས། སྐབས་འདིའི་གླེང་སྟེགས་ཀྱི་གཏམ་བཤད་སྐུ་མགྲོན་ལྔ་བཅུ་ཙམ་ཡོད་པ་དང་། ཁོ་ཚོའི་གླེང་གཞི་དེ་སྨན་བཅོས་དང་ཚན་རྩལ་གསར་གཏོད། ཁོར་ཡུག ནུས་ཁུངས། གྲོང་ཁྱེར་ཅན་སོགས་ཁྱབ་ཁོངས་མང་བོར་འབྲེལ་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།