ཁུ་པཱའི་ཆེས་མཐོའི་དཔོན་རིགས་ཀྱིས་ཀྲུང་གོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ལ་བརྟེན་ནས་རྒྱལ་ཁབ་གཞན་པའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་བཞིན་པའི་ཚུལ་བསྟན།
2023.09.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཁུ་པཱའི་སྤྱི་ཁྱབ་ཞིབ་རྩིས་དཔོན་པོ་པེ་ཧི་ལཱ་ནོའུ་ཡིས་ཉེ་སྔོན་ཁུ་པཱའི་རྒྱལ་ས་ཧཱ་ཝ་ནཱ་ནས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཀྲུང་གོས་རང་སྟེང་ནས་འཕེལ་རྒྱས་གྲུབ་འབྲས་གལ་ཆེན་བླངས་པའི་ཞོར་དུ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ལ་བརྟེན་ནས་རྒྱལ་ཁབ་གཞན་པའི་འཕེལ་རྒྱས་ལ་གོ་སྐབས་འདོན་སྤྲོད་བྱས་ཡོད་ཟེར།

པེ་ཧི་ལཱ་ནོའུ་ཡིས་བསྟན་དོན། ཀྲུང་གོས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གྲོས་གཞི་དང་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འདོན་སོགས་ལ་སྔོན་དཔག་རང་བཞིན་ཆེན་པོ་ལྡན་པར་མ་ཟད། རྒྱལ་ཁབ་སོ་སོར་འབྱུང་སྲིད་པའི་འཕེལ་རྒྱས་གནད་དོན་དང་འབྲེལ་ཡོད་ཀྱི་ཐག་གཅོད་བྱེད་ཐབས་ལ་བསམ་བློ་ཡག་པོ་བཏང་སྟེ། རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ཟེར།

ཁོ་མོས་བསྟན་དོན། རྒྱུད་གཅིག་ལམ་གཅིག་གྲོས་གཞི་ཡིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་དངུལ་ལོར་སོགས་ཁྱབ་ཁོངས་ནས་རྒྱལ་ཁབ་སོ་སོའི་བར་གྱི་བརྗེ་རེས་དང་མཉམ་ལས། རོགས་རེས་བཅས་ལ་སྐུལ་འདེད་ནུས་པ་ཆེན་པོ་ཐེབས་ཡོད་ཟེར།

པེ་ཧི་ལཱ་ནོའུ་ཡིས་བསྟན་དོན། ཁུ་པཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་དུས་ཡུན་རིང་བོར་འབྲེལ་འདྲིས་ཟབ་མོ་སྲུང་འཛིན་བྱེད་དགོས་པ་དང་། མ་འོངས་པར་མཉམ་དུ་རྒྱལ་ཁོངས་བརྒལ་བའི་རུལ་སུངས་ལ་ཆམ་ཕབ་གཏོང་བ་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།