བསྟུད་མར་ཉིན་འགའི་རིང་ལ། ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུ་སོགས་བྱ་འགུལ་སྤེལ་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་དོན་བཞི་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས། རྒྱལ་ཁབ་མང་བོའི་སྐུ་མགྲོན་གྱིས་ཀྲུང་གོའི་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ཆེན་པོར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་རེ་སྒུག་བྱེད་པའི་ཚུལ་བསྟན།
ཉེ་སྔོན་ཨ་ཧྥེ་རི་ཁ་མནའ་འབྲེལ་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པ་དང་ཨེ་ཙེ་ཨོ་ཕི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཡཱ་ཏི་སི་ཡཱ་པེད་པཱ་ནས་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་རྒྱལ་སྤྱིའི་ལས་ཁུངས་ཀྱི་མཐོ་རིམ་དཔོན་རིགས་དང་། ཨེ་ཙེ་ཨོ་ཕི་ཡཱའི་སྲིད་གཞུང་གི་དཔོན་རིགས་སོགས་མི་སྟོང་གཅིག་དང་སུམ་བརྒྱ་ཙམ་སྣེ་ལེན་ཚོགས་འདུར་ཞུགས།
དབྱིན་ཇི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི་རྒྱལ་སྟོན་སྣེ་ལེན་ཚོགས་འདུའི་སྟེང་། དབྱིན་ཇི་ཕྱོགས་ཀྱིས་མི་སྣས་ཀྲུང་གོས་དཔལ་འབྱོར་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས།
དབྱི་ལིང་སྲིད་གཞུང་གི་མཐོ་རིམ་དཔོན་རིགས། དབྱི་ལིང་དུ་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པ། དབྱི་ལིང་དུ་སྡོད་པའི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི། ལས་རིགས་སོ་སོའི་མཛའ་མཐུན་མི་སྣ་སོགས་དབྱི་ལིང་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་ནས་སྤེལ་བའི་རྒྱལ་སྟོན་སྣེ་ལེན་ཚོགས་འདུར་ཞུགས།
ཨེ་ཅིབ་དང་ཙན་པུ་ཡཱ། ཧཱ་སག་སི་ཐན་བཅས་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྱང་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་སོགས་བྱ་འགུལ་སྤེལ། ཀྲུང་གོའི་ཕྱི་ནང་གི་མི་སྣ་དག་གིས་མཉམ་དུ་ཀྲུང་གོ་དར་རྒྱས་སྟོབས་འབྱོར་ལྡན་པའི་སྨོན་འདུན་ཞུས་པ་དང་། མུ་མཐུད་དུ་ཐུན་མོང་ཁེ་ཕན་རྒྱ་བསྐྱེད་དེ། གཉིས་ཕན་མཉམ་རྒྱལ་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པར་རེ་སྒུག་བྱས་ཡོད་པའི་ཚུལ་བསྟན།
བསོད་ནམས་ཚེ་རིང་གིས་བསྒྱུར།