ཨ་ཧྥེ་རི་ཁ་ལྷོ་མིའི་གྲོས་ཁང་གིས་སྐབས་དགུ་བའི་གསེར་གྱོམ་རྒྱལ་ཁབ་ཀྱི་གྲོས་ཁང་གི་གླེང་སྟེགས་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས།
2023.09.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་ཧྥེ་རི་ཁ་ལྷོ་མིའི་གྲོས་ཁང་གིས་ཚེས་ཉེར་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། སྐབས་དགུ་བའི་གསེར་གྱོམ་རྒྱལ་ཁབ་ཀྱི་གྲོས་ཁང་གི་གླེང་སྟེགས་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས།

གསལ་སྒྲོག་ལས་བཤད་རྒྱུར། སྐབས་དགུ་བའི་གསེར་གྱོམ་རྒྱལ་ཁབ་ཀྱི་གྲོས་ཁང་གི་གླེང་སྟེགས་དེ་ཡའོ་ཧན་ནེ་སི་པའོ་ནས་བསྡུས་པ་ལས་གསེར་གྱོམ་རྒྱལ་ཁབ་ཀྱི་འཆམ་མཐུན་མཐུན་སྒྲིལ་དང་ཐུན་མོང་གི་བློ་སྤོབས་མངོན་པར་མཚོན་ཡོད། གླེང་སྟེགས་སྐབས་སུ་བསྒྲགས་གཏམ་དང་བཀོད་པའི་བཟོད་སྒོམ་བརྗེད་ཐོ་ལ་གྲོས་འཆམ་བྱུང་བ་ལས་གསེར་གྱོམ་རྒྱལ་ཁབ་ཀྱིས་ཕན་ཚུན་བར་གྱི་འབྲེལ་བ་དང་ཁྱད་པར་དུ་ཨ་ཧྥེ་རི་ཁ་གླིང་བར་གྱི་འབྲེལ་བར་ཤུགས་སྣོན་བྱེད་པའི་ཐུན་མོང་རེ་འདུན་མཚོན་ཡོད་པ་དང་། དམིགས་ཡུལ་ནི་བཟོད་སྒོམ་རང་བཞིན་ལྡན་པའི་འཕར་སྣོན་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་རེད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། སྐབས་འདིའི་གླེང་སྟེགས་ལས་ཕྱོགས་མང་རིང་ལུགས་ལ་ཤུགས་སྣོན་བྱེད་པའི་གལ་ཆེན་རང་བཞིན་འབུར་དུ་ཐོན་པར་བྱས་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲོག་ཤིང་ནུས་པ་འདོན་སྤེལ་བྱས་ཏེ། ཕན་ཚུན་བརྩི་འཇོག་དང་དྲང་བདེན། འདྲ་མཉམ་བཅས་ཀྱི་རྩ་དོན་བཅས་སྔོན་འགྲོའི་ཆ་རྐྱེན་དུ་བྱས་པའི་རྒྱུན་མཐུད་འཕེལ་རྒྱས་དང་འགྲོ་མིའི་ཐོབ་ཐང་། ཞི་བདེ་དང་བདེ་འཇགས་ལས་དོན་བཅས་ལ་རྒྱབ་སྐྱོར་བྱེད་དགོས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། སྐབས་དགུ་བའི་གསེར་གྱོམ་རྒྱལ་ཁབ་ཀྱི་གྲོས་ཁང་གི་གླེང་སྟེགས་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་དེ་གསེར་གྱོམ་རྒྱལ་ཁབ་ཀྱིས་འཛམ་གླིང་ཡོངས་ཀྱི་གནད་དོན་གལ་ཆེན་ཐག་གཅོད་བྱེད་པ་དང་། ཞི་བདེ་དང་འདྲ་མཉམ། རྒྱུན་མཐུད་དར་རྒྱས་ཀྱི་མ་འོངས་པ་གསར་བསྐྲུན་བྱེད་པའི་ཐུན་མོང་གི་རེ་འདུན་དང་དམ་བཅའ་དང་མཉམ་འདྲེས་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།