སོ་མཱ་ལིའི་རྒྱལ་ས་ནས་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་ལྔ་རྐྱེན་ལམ་དུ་ཤོར།
2023.09.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 58

འདི་ནི་ཟླ་དགུ་བའི་ཚེས་ཉེར་དགུ་ཉིན། སོ་མཱ་ལིའི་རྒྱལ་ས་མའོ་ཅཱ་ཏིས་ཧྲ་ནས་བླངས་པའི་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་ཐེབས་སའི་ཡུལ་དངོས་རྣམ་པ་རེད།

སོ་མཱ་ལིའི་ཉེན་རྟོག་ཕྱོགས་ཀྱིས་ཟླ་དགུ་བའི་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་བཤད་རྒྱུར། སོ་མཱ་ལིའི་རྒྱལ་ས་མའོ་ཅཱ་ཏིས་ཧྲ་ཡི་ཟ་ཁང་ཞིག་ནས་ཉིན་དེར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། འཇབ་རྒོལ་མཁན་དང་བཅས་པའི་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་དྲུག་ལ་རྨས་ཕོག་ཟེར།

སོ་མཱ་ལིའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཨ་ལི་ཡིས་མའོ་ཅཱ་ཏིས་ཧྲ་རྒྱང་སྒྲོག་ཁང་ལ་བཤད་རྒྱུར། ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར། སོ་མཱ་ལིའི་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་ཞིག་མའོ་ཅཱ་ཏིས་ཧྲ་ཡི་པཱ་ཨར་པུའུ་ཧྲའོ་ཞེས་པའི་ཟ་ཁང་ཞིག་ཏུ་ཡོང་ནས། རང་ལུས་ཀྱི་འགད་རྫས་འགད་གཏོ་བཏང་སྟེ། འཇབ་རྒོལ་མཁན་དང་བཅས་པའི་མི་ལྔ་རྐྱེན་ལམ་དུ་ཤོར། སོ་མཱ་ལིའི་བདེ་འཇགས་དམག་དཔུང་གིས་འཇབ་རྒོལ་དོན་རྐྱེན་དེ་དང་འཇབ་རྒོལ་མཁན་གྱི་ཐོབ་ཐང་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

སོ་མཱ་ལིའི་ན་གཞོན་ཏང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་བསྒྲགས་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།