ཙམ་པབ་ཝེ་རུ་གཏེར་ཁའི་དོན་རྐྱེན་བྱུང་ནས་མི་དྲུག་རྐྱེན་ལམ་དུ་ཤོར་ཞིང་། མི་བཅོ་ལྔ་ཉེན་ཁའི་གནས་སུ་ལྷུང་།
2023.10.01 ཁུངས། ཀློག་གྲངས། 0

ཙམ་པབ་ཝེ་ཡི་སྲིད་གཞུང་དཔོན་པོ་ཞིག་གིས་ཟླ་དགུ་བའི་ཚེས་ཉེར་དགུ་ཉིན་བདེན་དཔང་བྱས་དོན། ཉིན་དེའི་སྔ་དྲོ་རྒྱལ་ས་ཧྭ་ལ་ལེ་ཡི་ནུབ་བྱང་གི་སྤྱི་ལེ་བརྒྱའི་མཚམས་ཀྱི་ཞི་མ་ཧྲོ་ན་ལན་ཞིང་ཆེན་གྱི་ཆི་ཀུའུ་ཐུའུ་ས་ཆ་རུ་གཏེར་ཁའི་དོན་རྐྱེན་བྱུང་སྟེ། གཏེར་ཁུངས་ལས་བཟོ་བ་དྲུག་རྐྱེན་ལམ་དུ་ཤོར་ཞིང་། མི་བཅོ་ལྔ་ཉེན་ཁའི་གནས་སུ་ལྷུང་། 

ཙམ་པབ་ཝེ་གཏེར་ལས་དང་གཏེར་ལས་འཕེལ་རྒྱས་པུའུ་ཡི་པུའུ་ཀྲང་གཞོན་པ་པོ་ལིས་ཐི་ཁན་པ་མུའུ་ལཱ་ཡིས་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་སྨྱན་བྱད་ལ་བཤད་རྒྱུར། ཆི་ཀུའུ་ཐུའུ་ཡི་པེ་ཧོ་ཟི་གསེར་གྱི་གཏེར་ཁ་རུ་གཏེར་རི་ཉིལ་བའི་དོན་རྐྱེན་བྱུང་ནས། དཀའ་ཁག་ལ་འཕྲད་པའི་མི་སྣ་དག་ལས་གཞན་མི་བཅུ་གསུམ་བདེ་བླག་ངང་བསྐྱབས་ཐུབ་སོང་། 

ཙམ་པབ་ཝེ་རྒྱལ་ཁབ་རྒྱང་སྒྲོག་ཀུང་ཟིས་བསྒྲགས་པ་ལྟར་ན། མྱུར་སྐྱོབ་འཚོལ་བཤེར་གྱི་བྱ་བ་མིག་སྔར་ད་རུང་ལག་བསྟར་བྱེད་བཞིན་པའི་སྒང་ཡིན་ཟེར།

 སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།