ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་དུ་དྲག་ཆར་བབས་པའི་དབང་གིས་དོགས་ཟོན་མཐོར་འདེགས་བྱེད་པའི་གནས་སུ་སླེབས།
2023.10.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་དགུ་བའི་ཚེས་ཉེར་དགུ་ཉིན། ཨ་མེ་རི་ཁའི་ཉིག་ཡོ་མངའ་སྡེ་རུ་ཆར་བ་དྲག་པོ་བབས་པའི་ནམ་ཟླ་བྱུང་སྟེ། གཞུང་ལམ་སྐོར་ཞིག་ཆུས་བསྣུབས་ནས་ལྕགས་ལམ་དང་ས་འོག་ལྕགས་ལམ་གྱི་ཞབས་ཞུ་མཚམས་འཇོག་དགོས་བྱུང་བར་མ་ཟད་གནམ་གྲུ་གཏོང་ཐེངས་མང་བོར་འགོར་འགྱངས་བྱས་པའམ་གཏོང་མཚམས་འཇོག་དགོས་བྱུང་། ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཉིག་ཡོ་གྲོང་ཁྱེར་གྱི་ས་ཁུལ་སྐོར་ཞིག་གི་ཉིན་གཅིག་གི་ཆར་བའི་འབབ་ཚད་ལོ་ངོ་བཅུ་ཕྲག་འགའི་རིང་གི་ཆེས་མཐོ་བའི་ཚད་དུ་བསླེབས་ཡོད། དྲག་ཆར་ལས་གྲོང་ཁྱེར་ནང་དུ་ཆུ་ལོག་གི་ཤུགས་རྐྱེན་ཐེབས་པས། ཉིག་ཡོ་གྲོང་ཁྱེར་སོགས་ས་ཁུལ་གྱིས་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། ཉིན་དེར་ཉིག་ཡོ་ཉེ་འདབས་ཀྱི་ཞིན་ཙེ་ཞི་མངའ་སྡེ་དང་པེན་ཞི་ཧྥ་ནེ་ཡཱ་མངའ་སྡེ་ལའང་ཆར་བ་དྲག་པོ་བབས་པའི་ནམ་ཟླ་བྱུང་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།