ཕྱི་རྒྱལ་གྱི་ཀྲུང་ཧྭའི་བུ་དང་བུ་མོས་རྒྱལ་ཁབ་མང་བོ་ནས་ཟླ་མཆོད་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུས།
2023.10.02 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཞིན་ཧྭ་གསར་འགྱུར་ཁང་གི་ཕྱི་སྡོད་གསར་འགོད་པས་བསྒྲགས་པའི་ཕྱོགས་བསྡུས་གསར་འགྱུར་ལྟར་ན། བསྟུད་མར་ཉིན་འགའི་རིང་ལ། ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོ་བ་དང་། ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་མི་སྣ་སོགས་ཀྱིས་ནེའུ་ཙེ་ལན་དང་པཱ་ཞི། སེ་ཕུའུ་ལུའུ་སི། ཁུ་པཱ། ཐན་ཙན་ནི་ཡཱའི་སིང་གེ་པཱ་ཨར་སོགས་ས་ཁུལ་ནས་ཁྱད་ཆོས་རྣམ་པ་སྣ་ཚོགས་པའི་རིག་གནས་བྱ་འགུལ་སྤེལ་བ་དང་། ས་དེའི་མང་ཚོགས་ལ་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་བརྒྱུད་སྒྲོག་བྱས་ནས། མཉམ་དུ་ཟླ་མཆོད་དུས་ཆེན་ལ་རོལ།


བསོད་ནམས་ཚེ་རིང་གིས་བསྒྱུར།