ཐུར་ཁེ་ཡིས་དབྱི་རག་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་དམིགས་འབེན་ལ་འཇབ་རྒོལ་བྱས།
2023.10.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཟླ་བཅུ་བའི་ཚེས་གཅིག་ཉིན་གྱི་ནམ་གུང་གསལ་སྒྲོག་སྤེལ་ཏེ། ཐུར་ཁེའི་དམག་དཔུང་གིས་ཉིན་དེའི་དགོང་མོར་དབྱི་རག་བྱང་ཕྱོགས་ཀྱི་ས་ཁུལ་མང་བོའི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་དམིགས་འབེན་ལ་གཞི་རྒྱ་ཆེ་བའི་བར་སྣང་འཇབ་རྒོལ་བྱས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་བར་སྣང་འཇབ་རྒོལ་ལས་དབྱི་རག་བྱང་ཕྱོགས་ཀྱི་ཅཱ་ལཱ་དང་ཧཱ་ཁུའུ་ཨར་ཁི། མེད་ཐིས་ནཱ། ཀན་ཏིས་ལེ་སོགས་ས་ཁུལ་གྱི་ཁུའུ་ཨར་ཏི་དྲག་ཆས་པར་ཆམ་ཕབ་དྲག་པོ་བཏང་སྟེ། ཉུང་མཐར་ཡང་དམིགས་འབེན་ཉི་ཤུར་གཏོར་བརླག་བཏང་།

དབྱེ་ཞིབ་མི་སྣས་བལྟས་ན། གོང་གི་བར་སྣང་འཇབ་རྒོལ་དེ་ཐུར་ཁེའི་རྒྱལ་ས་ཨན་ཁཱ་ལཱ་ནས་ཉིན་དེའི་སྔ་དྲོར་བྱུང་བའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་རྗེས་སུ་སྤེལ་བ་ཡིན་པས། ཐུར་ཁེའི་དམག་དཔུང་གིས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པར་དམིགས་ནས་སྤྱད་པའི་འཁོན་ལན་སློག་པའི་འགུལ་སྐྱོད་ཅིག་ཡིན་པ་མངོན་གསལ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།