ཨེ་ཅིབ་ཀྱི་ཉེན་རྟོག་ཅུའུ་ཞིག་ལ་གློ་བུར་དུ་མེ་སྐྱོན་བྱུང་ནས་མི་སོ་བརྒྱད་ལ་རྨས་ཕོག
2023.10.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨེ་ཅིབ་ཀྱི་འཕྲོད་བསྟེན་དང་མི་གྲངས་པུའུ་ཡིས་ཚེས་གཉིས་ཉིན་བསྒྲགས་པ་ལྟར་ན། ཨེ་ཅིབ་བྱང་ཤར་ཕྱོགས་ཀྱི་དབྱེ་སི་མཱེ་ལེ་ཡཱ་གྲོང་ཁྱེར་གྱི་ཉེན་རྟོག་ཅུའུ་ཞིག་གི་ཐོག་ཁང་ལ་ཚེས་གཉིས་ཉིན་གྱི་ནམ་གུང་གློ་བུར་དུ་མེ་སྐྱོན་བྱུང་སྟེ། ཉུང་མཐར་ཡང་མི་སོ་བརྒྱད་ལ་རྨས་ཕོག་ཟེར།

ཨེ་ཅིབ་ཀྱི་འཕྲོད་བསྟེན་དང་མི་གྲངས་པུའུ་ཡི་མགྲིན་ཚབ་པ་ཅཱ་ཧྥ་ཨར་གྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། མེ་སྐྱོན་བྱུང་རྗེས། ས་དེའི་དམངས་སྲུང་སྡེ་ཁག་དང་དྲག་ཆས་དམག་དཔུང་ཡུལ་དངོས་སུ་སོང་ནས་རྒུད་སྐྱོབ་བྱས་པ་དང་། མྱུར་སྐྱོབ་རླངས་འཁོར་བཅུ་ཕྲག་འགའ་ཡུལ་དངོས་སུ་འབྱོར་ནས་རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་བ་རེད། མིག་སྔར་རྨས་མ་ཚང་མར་གསོ་བཅོས་ཐོབ་ཡོད།

གཞན་ཡང་ཨེ་ཅིབ་སྨྱན་བྱད་ཀྱིས་ཉིན་དེར་བསྒྲགས་པ་ལྟར་ན། མེ་སྐྱོན་ལ་མིག་སྔར་ཚོད་འཛིན་ཐོབ་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་མེད་པར་ཁ་ཚོན་གཅོད་ཐབས་མེད་ཟེར། བསྒྲགས་པ་ལྟར་ན། ཉེན་རྟོག་ཅུའུ་ཡི་ཐོག་ཁང་ཆེན་མོའི་ཕྱི་གྱང་དེ་མེ་སྐྱོན་དབང་གིས་ལོག་པ་དང་། མིག་སྔར་ད་རུང་མེ་སྐྱོན་འབྱུང་བའི་རྒྱུ་རྐྱེན་གསལ་བོར་མི་ཤེས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།