ཨ་མེ་རི་ཁའི་ཀྲི་ཅཱ་ཀི་དང་ཞིག་སི་ཏོན་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་བཞི་རྐྱེན་ལམ་དུ་ཤོར།
2023.10.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་དབྱེ་ལེ་ནོའུ་དབྱེ་མངའ་སྡེའི་ཀྲི་ཅཱ་ཀི་གྲོང་ཁྱེར་ནས་ཚེས་གཅིག་ཉིན་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་། མེ་མདའ་བཟུང་བའི་མི་ཞིག་གིས་རླངས་འཁོར་ནང་ནས་མི་མང་བོར་མེ་མདས་བརྒྱབ་སྟེ། མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་ལོ་བདུན་ཅན་གྱི་བྱིས་པ་གཅིག་དང་བཅས་པའི་མི་གཉིས་ལ་རྨས་ཕོག་ཡོད། ཉིན་དེར་ཏི་ཁི་སཱ་སི་མངའ་སྡེའི་ཞིག་སི་ཏོན་གྱི་སྡོད་དམངས་ཁུལ་ཞིག་ཏུ་མེ་མདའ་བཟུང་བའི་མི་མང་བོས་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། བུད་མེད་གཉིས་རྐྱེན་ལམ་དུ་ཤོར་བ་དང་། སྐྱེས་པ་གཉིས་ལ་རྨས་ཕོག མིག་སྔར་དོན་རྐྱེན་དེ་གཉིས་ལ་རྟོག་ཞིབ་བྱེད་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།