སི་ལོ་ཝ་ཁིའི་ཁ་ཕྱོགས་ཏང་ལ་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ།
2023.10.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

སི་ལོ་ཝ་ཁིའི་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་གཅིག་ཉིན་ཁྱབ་བསྒྲགས་བྱས་དོན། སྔོན་ཆད་ཀྱི་ཙུང་ལི་ཧྥེ་ཙོ་ཡིས་མགོ་ཁྲིད་པའི་ཁ་ཕྱོགས་ཏང་ལ་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་སྤེལ་བའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་དང་། འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་ཉེར་གཉིས་དང་གྲངས་ཆུང་དགུ་བཞི་ཡིན་ལ། གྲོས་མིའི་ལས་གནས་བརྒྱ་དང་ལྔ་བཅུ་ཡོད་པའི་རྒྱལ་དམངས་གྲོས་ཁང་ཁྲོད་ལས་གནས་ཞེ་གཉིས་ཟིན་ཡོད། ཕྱེད་གྲངས་བརྒལ་བའི་ལས་གནས་ཐོབ་མེད་པའི་དབང་གིས་ཁ་ཕྱོགས་ཏང་གིས་སྲིད་ཏང་དང་སྲིད་ཏང་མནའ་འབྲེལ་གཞན་པའི་བར་མཉམ་འབྲེལ་བྱས་ཏེ་སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱེད་དགོས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།