རྒྱལ་ཁབ་མང་བོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་བྱ་འགུལ་སྤེལ་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་དོན་བཞི་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས།
2023.10.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

བསྟུད་མར་ཉིན་འགའི་རིང་ལ། རྒྱལ་ཁབ་མང་བོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་རྒྱལ་སྟོན་བསུ་པའི་སྣེ་ལེན་ཚོགས་འདུ་སོགས་བྱ་འགུལ་སྤེལ་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་དོན་བཞི་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས། རྒྱལ་ཁབ་མང་བོའི་ལས་རིགས་སོ་སོའི་མི་སྣ་བྱ་འགུལ་ལ་ཞུགས་ཏེ་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས།

ཕཱ་ཁི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི་རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུའི་སྟེང་། ཕཱ་ཁི་སི་ཐན་གྱི་མི་སྣས་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་དང་དེ་མིན་ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བཞག་པའི་འབུར་དུ་ཐོན་པའི་བྱས་རྗེས་ལ་གཟེངས་བསྟོད་བྱས།

ཧང་ག་རི་ནས། ས་དེའི་ལས་རིགས་སོ་སོའི་མི་སྣ་དྲུག་བརྒྱ་ལྷག་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི་རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུར་ཞུགས།

སི་ཕན་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི་རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུའི་སྟེང་། ས་དེའི་མཛའ་མཐུན་མི་སྣས་ཀྲུང་གོས་བླངས་པའི་གྲུབ་འབྲས་ཆེན་པོ་དང་ཀྲུང་གོའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཐད་ཀྱི་དོན་སྙིང་གལ་ཆེན་ལ་གདེང་འཇོག་ཆེན་པོ་བྱས།

སུའེ་ཙེར་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི་རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུའི་སྟེང་། སྐུ་མགྲོན་རྣམས་ཀྱིས་ཀྲུང་གོ་གསར་བའི་རྒྱལ་སྟོན་ལ་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས།

ཧོང་ཏུ་ར་སི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཐི་ཀུའུ་ཞི་ཅཱ་ཨར་པཱ་ནས་རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུ་བསྡུས་པ་དང་། ཧོང་ཏུ་ར་སིའི་ཆབ་སྲིད་མགོ་ཁྲིད་པ་མང་བོ་བྱ་འགུལ་ལ་ཞུགས།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཨ་པུའུ་ཀྲ་པུས་ནས་རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུ་བསྡུས། ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་ཀྱི་འགྱུར་ལྡོག་གསར་བར་སེམས་གཏིང་ནས་སྨོན་པ་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་མཛའ་མཐུན་ཡུན་རིང་བརྟན་པ་དང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་སྨོན་བྱེད་བཞིན་ཡོད་ཟེར།

ཡོ་ནན་དང་འབར་མ། ཧྥེ་ཅི། ཨ་ཧྥེ་རི་ཁ་དབུས་མ། ཁི་ཐི་ཏིས་ཝོར། མའོ་ཞི་ཁོ། ཁོ་སི་ཐཱ་རེ་ཁཱ་སོགས་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྱང་རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུ་སོགས་ཀྱི་བྱ་འགུལ་སྤེལ། རྒྱལ་ཁབ་མང་བོའི་མི་སྣས་ཀྲུང་གོས་དཔལ་འབྱོར་དང་སྤྱི་ཚོགས་ཐད་ནས་བླངས་པའི་གྲུབ་འབྲས་ཆེན་པོར་གཟེངས་བསྟོད་བྱས་པ་དང་། ཀྲུང་གོའི་བར་སྔར་ལས་དམ་ཟབ་ཀྱི་མཉམ་ལས་སྤེལ་བར་རེ་སྒུག་བྱེད་བཞིན་ཡོད་པའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།