ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་གཉིས་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བསྟན་དོན། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་སྐམ་ས་ཆེན་མོའི་འཕེལ་རྒྱས་འཕེལ་རིམ་གཅིག་མཐུན་བྱུང་ཡོད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་རེ་སྒུག་བྱས་ཡོད་ཟེར།
ཨུ་རུ་སིའི་རིག་མཛོད་ཝ་ཨར་ཏའེ་རྒྱལ་སྤྱིའི་རྩོད་གླེང་སྤྲོ་སྐྱིད་པུའུ་ཡི་སྐབས་ཉི་ཤུ་བའི་ལོ་ཚོགས་ཚེས་གཉིས་ཉིན་སོ་ཆི་ནས་བསྡུས། དེའི་སྐབས་སུ་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་སྒྲོམ་གཞིའི་འོག རྒྱལ་ཁབ་སོ་སོས་འགྲིམ་འགྲུལ་དང་དངུལ་ལོར་སོགས་ཁྱབ་ཁོངས་ཀྱི་གཅིག་འབྲེལ་གཅིག་བརྟེན་ལ་ཤུགས་སྣོན་བྱེད་པར་མཉམ་དུ་འབད་འབུངས་བྱེད་བཞིན་ཡོད་ལ། ཁྱབ་ཁོངས་དེ་དག་གི་མཉམ་ལས་ལ་མདུན་ལྗོངས་ཧ་ཅང་རྒྱ་ཆེན་པོ་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།