ཨ་མེ་རི་ཁའི་སྤྱི་མཐུན་ཏང་གི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་མི་མཱ་ཐི་ཀའེ་ཙི་ཡིས་ཚེས་གཉིས་ཉིན་དམངས་གྲོས་ཁང་ནས་བརྗེ་སྤོར་གྱི་གྲོས་གཞི་བཏོན་ནས། སྤྱི་མཐུན་ཏང་གི་ཡིན་པའི་དམངས་གྲོས་ཁང་གི་གྲོས་དཔོན་ཁའེ་ཝུན་མེད་ཁཱ་ཞེ་ཡི་འགན་ལེན་དགོས་པར་བཤད། དམངས་གྲོས་ཁང་གིས་མ་འོངས་པའི་ཉིན་འགའི་ནང་དོན་དེའི་ཐད་འདེམ་ཤོག་འཕེན་སྲིད། ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ལས་མཚམས་མ་བཞག་གོང་གི་དུས་ཚོད་གཅིག་ཙམ་གྱི་སྔོན་ལ་གནས་སྐབས་དངུལ་གཏོང་བཅའ་ཁྲིམས་འཆར་ཟིན་ཞིག་ལ་གྲོས་མཐུན་བཀོད་ཡོད་ཀྱང་། བཅའ་ཁྲིམས་འཆར་ཟིན་དེའི་ཁྲོད་དམངས་གྲོས་ཁང་གི་སྤྱི་མཐུན་ཏང་བག་འཁུམ་ཕྱོགས་ཁག་གིས་དེའི་སྔོན་རེ་བ་བཏོན་པའི་རྒྱལ་ཕྲན་མཉམ་འབྲེལ་གྱི་འགྲོ་སོང་ལྡབ་འགྱུར་གྱིས་ཇེ་ཉུང་དུ་གཏོང་བ་དང་མཐའ་མཚམས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ་སོགས་ཀྱི་དོན་ཚན་འདུས་མེད། ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བཤད་རྒྱུར། ཨ་མེ་རི་ཁའི་རྒྱལ་ཚོགས་དེ་ཡང་བསྐྱར་རྙོག་འཛིང་གི་རྣམ་པར་འཕྲད་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།