ཅི་ལི་པཱ་སིའི་ཙུང་ཐུང་མཱ་མའོ་ཡིས་ཚེས་གསུམ་ཉིན་བསྟན་དོན། ཅི་ལི་པཱ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་རེ་བ་ཆེན་པོ་ཡོད་པས། ཕྱོགས་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།
མཱ་མའོ་ཡིས་ཉིན་དེར་ཅི་ལི་པཱ་སིའི་རྒྱལ་ས་ཐཱ་ལཱ་ཝ་ནས་ཅི་ལི་པཱ་སི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲོའུ་ལི་མེན་གྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བཤད་རྒྱུར། ཅི་ལི་པཱ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སླར་གསོ་བྱས་ནས་ལོ་ངོ་བཞི་འགོར་བའི་རིང་ལ། འཕྲོད་བསྟེན་དང་སློབ་གསོ། རྨང་གཞིའི་སྒྲིག་ཆས། མི་གཞུང་བརྗེ་རེས་སོགས་ཁྱབ་ཁོངས་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད། ཅི་ལི་པཱ་སིའི་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་འབྲེལ་ཡོད་སེམས་ཁུར་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད། ཅི་ལི་པཱ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་རེ་བ་ཆེན་པོ་ཡོད་པས། ཕྱོགས་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།
ཀྲོའུ་ལི་མེན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག འབྲེལ་བ་སླར་གསོ་བྱས་ནས་ལོ་ངོ་བཞི་འགོར་བའི་རིང་ལ། ཀྲུང་གོ་དང་ཅི་ལི་པཱ་སིའི་འབྲེལ་བར་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། གྲུབ་འབྲས་བཟང་བོ་ཐོབ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ངེས་པ་དོན་གྱི་ཁེ་ཕན་བསྐྲུན་ཡོད། རང་གི་འགན་ཡུན་ནང་ཅི་ལི་པཱ་སི་ཕྱོགས་དང་མཉམ་དུ། ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ། མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཅི་ལི་པཱ་སིའི་འབྲེལ་བ་དེ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཀྲོའུ་ལི་མེན་ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན་ཐཱ་ལཱ་ཝ་རུ་འབྱོར་ནས་ལས་འགན་གསར་དུ་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།