མའོ་ཞི་ཁོ་ཡི་ཙུང་ཐུང་ལོ་ཕའེ་སི་ཡིས་ཚེས་གཉིས་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་དམག་དོན་འཐབ་འཁྲུག་ཐད་དངུལ་གཏོང་ཇེ་མང་དུ་བཏང་བར་སྐྱོན་བརྗོད་བྱས་པ་དང་། དེ་ནི་ཆེས་ལུགས་དང་མི་མཐུན་པའི་གནས་ཚུལ་ཞིག་ཡིན་པར་འདོད།
ལོ་ཕའེ་སི་ཡིས་ཨ་མེ་རི་ཁ་དང་མའོ་ཞི་ཁོའི་མཐོ་རིམ་འབྲེལ་འདྲིས་གནད་དོན་ཐད་ནས་སྨྱན་བྱད་ཀྱི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཁོ་ཚོས་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་ཝུའུ་ཁི་ལན་གྱི་འཐབ་འཁྲུག་ཐད་མེ་སྒོར་ཐེར་ཆེན་གསུམ་ནས་ཐེར་ཆེན་ལྔ་བཏང་བ་ནི་ཆེས་ལུགས་དང་མི་མཐུན་པའི་གནས་ཚུལ་ཞིག་ཡིན་པ་དང་། དེར་གནོད་པ་ཡོད་ཟེར།
ལོ་ཕའེ་སི་ཡིས་ད་རུང་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་ལཱ་ཏེན་མེ་གླིང་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་དངུལ་གཏོང་ཇེ་མང་དུ་བཏང་སྟེ། གནས་སྤོར་སྡོད་དམངས་ཀྱི་གནད་དོན་གྱི་གནོན་ཤུགས་ཞི་འཇགས་སུ་གཏོང་དགོས། ཨ་མེ་རི་ཁ་ཕྱོགས་ཀྱིས་རྒྱུན་ཆད་མེད་པར་རང་སྟེང་གི་འཐབ་ཇུས་ལེགས་སྒྲིག་བྱས་ཏེ། རྒྱལ་ཁབ་གཞན་པར་བརྩི་འཇོག་བྱེད་དགོས་ལ། ད་ལྟ་མའོ་ཞི་ཁོ་སྲིད་གཞུང་ལ་སྣང་ཆུང་བྱེད་པའི་ལོ་རབས་མ་རེད་ཟེར།
ལོ་ཕའེ་སི་ཡིས་ད་རུང་བསྟན་དོན། ཨ་མེ་རི་ཁའི་ཏང་ཁག་གཉིས་པོ་མིག་སྔར་ལཱ་ཏེན་མེ་གླིང་གི་གནས་སྤོར་སྡོད་དམངས་དང་དུག་རྫས་ལ་ཆམ་ཕབ་གཏོང་བ་སོགས་ཀྱི་གྲོས་གཞིར་འབྲེལ་བའི་རྣམ་འགྱུར་ལ་འབྲེལ་བ་དང་། མང་ཆེ་བ་ཙུང་ཐུང་གི་འདེམ་བསྐོའི་འགྲན་རྩོད་ཀྱི་དྲིལ་སྒྲོག་དམིགས་ཡུལ་དུ་བྱས་ཡོད།
ལོ་ཕའེ་སི་ཡིས་ཟླ་དགུ་བའི་ཚེས་ཉེར་དགུའི་ཉིན་བསྟན་དོན། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་གྱི་རོགས་སྐྱོར་དང་བསྡུར་ན། ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་འཐབ་འཁྲུག་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་ལྷག་ཏུ་མང་བ་དང་ཇེ་མང་ནས་ཇེ་མང་ཡིན་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།