མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་སིང་ཏི་སི་ཡིས་ཚེས་གཉིས་ཉིན་གྱི་དགོང་མོར་ཁོང་གོ་ཅིན་གྱི་ནན་ཅི་ཝུའུ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་པུའུ་ཁཱ་ཝུའུ་ནས་ཀྲུང་གོའི་སྐབས་ཉེར་བདུན་པའི་ཁོང་གོ་ཅིན་གྱི་ཞི་བདེ་སྲུང་སྐྱོབ་བཟོ་ལས་དམག་མིའི་ཡན་ལག་རུ་ཁག་དང་སྨན་བཅོས་རུ་ཁག་ལ་རྟོག་ཞིབ་བྱས་པར་མ་ཟད། ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་སྤྱོད་ཚུལ་བཟང་བོར་གཟེང་བསྟོད་བྱས་ཏེ། ཁོང་གོ་ཅིན་མི་དམངས་ལ་རྒྱབ་སྐྱོར་བྱེད་པ་དང་རྒྱལ་ཁབ་དེའི་ཞི་བདེའི་འཕེལ་རིམ་ཐད་བྱས་རྗེས་འཇོག་དགོས་ཟེར།
སིང་ཏི་སི་ཉིན་དེར་ཀྲུང་གོའི་སྨན་བཅོས་ཡན་ལག་རུ་ཁག་ཡོད་སའི་ཀྲུང་གོའི་རིམ་པ་གཉིས་པའི་སྨན་ཁང་དུ་ཡོང་ནས། ནད་བརྟག་དང་ཞག་སྡོད། སྨན་རྫས་ཁང་། འཚོ་བའི་ཁུལ་སོགས་ཚོགས་རར་ཡུལ་དངོས་རྟོག་ཞིབ་བྱས། སིང་ཏི་སི་ཡིས་སྨན་བཅོས་རུ་ཁག་གི་ཆེད་ལས་ཆུ་ཚད་ལ་གཟེངས་བསྟོད་བྱས་པར་མ་ཟད། རུ་ཁག་གི་རུ་མིར་གདེང་འཇོག་ཆེན་པོ་བྱས། ཁོས་བཤད་རྒྱུར། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཞི་བདེ་སྲུང་སྐྱོབ་ཀྱི་ལས་འགན་ལག་བསྟར་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་པ་དང་། སྨན་བཅོས་ཀྱི་ཆུ་ཚད་ཧ་ཅང་མཐོ་ཟེར།
སིང་ཏི་སི་ཡིས་ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་བཟོ་ལས་ཡན་ལག་རུ་ཁག་ཏུ་རྟོག་ཞིབ་བྱེད་སྐབས་བཟོ་ལས་ཡན་ལག་རུ་ཁག་གི་བྱ་བའི་སྙན་ཞུར་ཉན། ཁོས་བསྟན་དོན། ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་དཔོན་དམག་དང་ས་དེའི་མང་ཚོགས་བར་འབྲེལ་བ་བཟང་བོ་བཙུགས་ནས། ཁོང་གོ་ཅིན་གྱི་ཞི་བདེ་འཕེལ་རིམ་ཐད་བྱས་རྗེས་བཞག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།