རྒྱལ་ཁབ་མང་བོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་བྱ་འགུལ་སྤེལ་ནས་ཀྲུང་ཧྭ་མི་དམང་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་དོན་བཞི་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས།
2023.10.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་མང་པོས་ཉེ་སྔོན་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་སོགས་བྱ་འགུལ་བསྡུས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་དོན་བཞི་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས། ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས་ཀྱིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་དོན་བཞི་འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་ལ་བླངས་པའི་འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ལ་གཟེངས་བསྟོད་བྱས་པ་དང་། ཀྲུང་གོ་མུ་མཐུད་དུ་དར་རྒྱས་འཕེལ་རྒྱས་བྱུང་ནས་ཀྲུང་གོ་དང་རྒྱལ་ཁབ་སོ་སོའི་མི་དམངས་ལ་ཕན་ཐོགས་བསྐྲུན་ཐུབ་པའི་སྨོན་འདུན་ཞུས།

ཉེ་སྔོན་ལའོ་ཝའོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་སྤེལ་ཏེ། ལས་རིགས་སོ་སོའི་སྐུ་མགྲོན་དག་གིས་ཀྲུང་གོ་དང་ལའོ་ཝའོ་ཡི་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲུབ་འབྲས་འགྲེམ་སྟོན་བྱས་པར་བལྟས། སྐུ་མགྲོན་རྣམས་ཀྱིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་ལ་ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད་ལ། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་གོ་དང་ལའོ་ཝའོ་ཡི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པའི་སྨོན་འདུན་ཞུས།

ཨོ་སི་ཁྲུ་རི་ཡཱ་ནས་ལས་རིགས་སོ་སོའི་མི་སྣ་ཨོ་སི་ཁྲུ་རི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཝེ་ཡེ་ནཱའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་ཚབ་ཚོགས་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་ཚབ་ཚོགས་པ་གཞན་པས་སྤེལ་བའི་རྒྱལ་སྟོན་སྣེ་ལེན་ཚོགས་འདུར་ཞུགས།

སུའེ་ཏེན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི་རྒྱལ་སྟོན་སྣེ་ལེན་ཚོགས་འདུའི་སྟེང་སྐུ་མགྲོན་དག་གིས་ཀྲུང་གོས་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བཞག་པའི་འབུར་ཐོན་བྱས་རྗེས་ལ་གདེང་འཇོག་ཆེན་པོ་བྱས།

ཀྲི་ལི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་རྒྱལ་སྟོན་སྣེ་ལེན་ཚོགས་འདུའི་སྟེང་། ཀྲུང་གོའི་སྲོལ་རྒྱུན་གླུ་དབྱངས་འཁྲབ་སྟོན་སོགས་ཀྱིས་སྣང་ཚུལ་སྔར་ལས་ཇེ་དྲག་ཏུ་བཏང་ཡོད།

ནེ་ཀྲི་རི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི་རྒྱལ་སྟོན་སྣེ་ལེན་ཚོགས་འདུའི་སྟེང་། སྐུ་མགྲོན་རྣམས་ཀྱིས་ཀྲུང་གོ་དང་ནེ་ཀྲི་རི་ཡཱ་རྒྱལ་ཁབ་གཉིས་ཀྱི་སྒྱུ་རྩལ་པ་དག་གིས་མཉམ་འབྲེལ་གྱིས་རིག་རྩལ་འཁྲབ་སྟོན་བྱས་ཏེ། མཉམ་དུ་ཀྲུང་གོའི་རྒྱལ་སྟོན་ལ་རྟེན་འབྲེལ་ཞུས།

ཕཱ་ལེ་སི་ཐན་དུ་སྡོད་པའི་ཀྲུང་གོའི་དོན་གཅོད་ཁང་གིས་སྤེལ་བའི་རྒྱལ་སྟོན་སྣེ་ལེན་ཚོགས་འདུའི་སྟེང་། སྐུ་མགྲོན་དག་གིས་མཉམ་དུ་ཀྲུང་གོ་དང་ཕཱ་ཁི་སི་ཐན་བར་འབྲེལ་བ་བཙུགས་ནས་ལོ་ངོ་སོ་ལྔ་འགོར་བར་རྟེན་འབྲེལ་ཞུས།

བསྟུད་མར་ཉིན་འགའི་རིང་ལ། སིང་ག་ཕོར་དང་ཏུང་ཏིས་ཝུན། ཐཱ་ཅི་ཁི་སི་ཐན། ཁེ་ཝེ་ཐི། རྒྱ་གར། བྷང་ག་ལཱ། ལུའུ་སིན་པའོ། ཧི་ལན། སེ་ནེ་ཀལ། ཙེམ་པབ་ཝེ་སོགས་རྒྱལ་ཁབ་ཏུ་སྡོད་པའི་གཞུང་ཚབ་ཁང་གིས་ཀྱང་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་པ་དང་།ཚོགས་ཞུགས་སྐུ་མགྲོན་དག་གིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་གྲུབ་འབྲས་ལ་གཟེངས་བསྟོད་བྱས་པ་དང་། ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་མཉམ་དུ་མཛེས་སྡུག་གི་མ་འོངས་པ་གསར་བསྐྲུན་བྱེད་པར་རེ་སྒུག་བྱེད་པའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།