ཚེས་བཞི་ཉིན།ཨ་མེ་རི་ཁའི་སྒེར་གཉེར་ལས་ཁུངས་ཁའེ་སཱ་སྨན་བཅོས་སྡེ་ཚོགས་ཀྱི་བཟོ་ཚོགས་མནའ་འབྲེལ་གྱིས་ཨ་མེ་རི་ཁའི་ས་ཁུལ་མང་བོའི་སྨན་བཅོས་མི་སྣ་ཁྲི་བདུན་དང་སྟོང་ལྔ་ལྷག་གིས་ལས་བསྐྱུར་བྱ་འགུལ་སྤེལ་ཏེ་ཟླ་ཕོགས་ཇེ་མང་དུ་གཏོང་བ་དང་བྱ་བའི་ཁོར་ཡུག་ལེགས་བཅོས་བྱེད་དགོས་པའི་རེ་བ་བཏོན། ལས་བསྐྱུར་བྱ་འགུལ་དེ་ཉིན་གསུམ་ལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་དང་། ཚོད་དཔག་བྱས་ན་བསྡོམས་པས་མི་བྱེ་བ་གཅིག་དང་ས་ཡ་གསུམ་གྱི་སྨན་བཅོས་ཞབས་ཞུར་ལ་ཤུགས་རྐྱེན་ཐེབས་སྲིད་ལ། དེ་ཡང་ཨ་མེ་རི་ཁའི་སྨན་བཅོས་ལས་རིགས་ཀྱི་གཞི་རྒྱ་ཆེས་ཆེ་བའི་ལས་བསྐྱུར་བྱ་འགུལ་ཅིག་ཡིན་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།