ཁོ་ཐི་ཏིས་ཝོར་གྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཁི་ཐི་ཏིས་ཝོར་གྱི་ཙུང་ཐུང་ཝ་ཐཱ་ལཱ་ཡིས་བཀའ་རྒྱ་བཏང་སྟེ་སྲིད་འཛིན་ལས་ཁུངས་གཏོར་བ་ཁྱབ་བསྒྲགས་བྱས་ཡོད་པར་མ་ཟད་ཉིན་དེ་ནས་བཟུང་ནུས་ལྡན་དུ་གྱུར་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། སྲིད་འཛིན་ལས་ཁུངས་གཏོར་རྗེས་ཨ་ཞེ་ཡིས་ཙུང་ལིའི་འགན་ཁུར་རྒྱུ་མིན་པ་དང་། ཝ་ཐཱ་ལཱ་ཡིས་ཙུང་ལི་གསར་བ་བསྐོ་འཇོག་བྱས་ཏེ་ཁོར་སྲིད་འཛིན་ལས་ཁུངས་གསར་བ་འཛུགས་པའི་མིང་འདོན་བྱེད་དུ་འཇུག་རྒྱུ་རེད། དེའི་སྔོན་ལ་ཨ་ཞེ་དང་སྔོན་ཆད་ཀྱི་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མིས་སྔར་བཞིན་དུ་རྒྱལ་ཁབ་ཀྱི་ཉིན་རེའི་ལས་དོན་ཐག་གཅོད་བྱེད་དགོས། ཁོ་ཐི་ཏིས་ཝོར་གྱི་ཙུང་ཐུང་བཞུགས་ཤག་གིས་གསལ་སྒྲོག་ནང་དུ་ཨ་ཞེ་དང་སྔོན་ཆད་ཀྱི་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མིས་རྒྱལ་ཁབ་རང་གི་འཕེལ་རྒྱས་ཐད་བྱས་རྗེས་བཞག་པར་བཀའ་དྲིན་ཞུས་ཀྱང་། སྲིད་འཛིན་ལས་ཁུངས་གཏོར་བའི་རྒྱུ་རྐྱེན་གང་ཡིན་གསལ་བོར་བཤད་མེད།
ཉིས་སྟོང་ཉེར་གཅིག་ལོའི་ཟླ་གསུམ་པར། ཝ་ཐཱ་ལཱ་ཡིས་དངོས་སུ་ཨ་ཞེ་ཙུང་ལིར་བསྐོ་འཇོག་བྱས་པ་དང་། ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན། ཨ་ཞེ་ཡིས་ལས་སྐྱུར་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས། ཟླ་དེའི་ཚེས་བཅུ་དགུ་ཉིན་ཨ་ཞེ་ཡང་བསྐྱར་ཙུང་ལིར་བསྐོ་འཇོག་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།