ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ཡིས་ཚེས་ལྔ་ཉིན་བསྟན་དོན། ཕོ་ལན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་གནས་སྤོར་སྡོད་དམངས་སྲིད་ཇུས་ཀྱི་འབྲེལ་ཡོད་བཅོས་བསྒྱུར་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། དེས་རྩ་བའི་སྟེང་ནས་མིག་སྔར་འཕྲད་པའི་གནས་སྤོར་སྡོད་དམངས་ཀྱི་གནད་དོན་ཐག་གཅོད་བྱེད་མི་ཐུབ་པར་བསམ་ཡོད། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་འཐུས་མིས་ཚེས་བཞི་ཉིན་གྲོས་མཐུན་བཀོད་དེ། ཁྲིམས་འགལ་གནས་སྤོར་སྡོད་དམངས་དང་ཡུལ་གྱར་བ་མང་བོ་དང་ལེན་བྱས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་དག་གིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་གཞན་པས་མྱུར་མོར་བཀོད་སྒྲིག་སོགས་ཀྱི་རོགས་རམ་འདོན་སྤྲོད་བྱེད་པའི་རེ་བ་བཏོན་ཆོག་པར་བྱས། ཨོ་སི་ཁྲུ་རི་ཡཱ་དང་སི་ལོ་ཝ་ཁི། ཅེ་ཁི་བཅས་ཀྱིས་འདེམ་ཤོག་འཕེན་པའི་གོ་སྐབས་བསྐྱུར་བ་དང་། ཕོ་ལན་དང་ཧང་ག་རི་ཡིས་ངོ་རྒོལ་བྱེད་པའི་འདེམ་ཤོག་འཕངས། གྲོས་མཐུན་དེར་ཡོ་རོབ་གླིང་གྲོས་ཁང་ནས་གྲོས་བསྡུར་གང་ལེགས་བྱེད་དགོས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།