འདི་ནི་ཟླ་བཅུ་བའི་ཚེས་དྲུག་ཉིན། སེ་ཕུའུ་ལུའུ་སིའི་ནེ་ཁི་ཞི་ཡཱ་ནས་པར་བླངས་པའི་ཀྲུང་གོ་དང་སེ་ཕུའུ་ལུའུ་སིའི་དཔལ་ཡོན་བརྗེ་རེས་གླེང་སྟེགས་ཀྱི་ཡུལ་དངོས་རྣམ་པ་རེད།
ཀྲུང་གོ་དང་སེ་ཕུའུ་ལུའུ་སིའི་དཔལ་ཡོན་བརྗེ་རེས་གླེང་སྟེགས་ཟླ་བཅུ་བའི་ཚེས་དྲུག་ཉིན་སེ་ཕུའུ་ལུའུ་སིའི་ནེ་ཁི་ཞི་ཡཱ་ནས་སྤེལ། གླེང་སྟེགས་ཀྱི་བརྗོད་སྙིང་ནི་དཔལ་ཡོན་དང་འཆམ་མཐུན། མཉམ་གནས། དེ་མིན་མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་མཉམ་གནས་ཀྱི་ཐབས་ལམ་འཚོལ་ཞིབ་བྱེད་པ་དེ་ཡིན། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་འགན་ཁུར་བློ་མཐུན་དང་། སེ་ཕུའུ་ལུའུ་སིའི་ཙུང་ཐུང་པུའུ་གཞོན་པའི་པུའུ་ཀྲང་། སེ་ཕུའུ་ལུའུ་སི་སློབ་ཆེན་གྱི་སློབ་གཙོ། སེ་ཕུའུ་ལུའུ་སི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་འཐུས་མི། དེ་མིན་ཀྲུང་གོ་དང་སེ་ཕུའུ་ལུའུ་སིའི་མིང་གྲགས་ཆེ་བའི་རྩོམ་པ་པོ་དང་། མཁས་པ། པར་སྐྲུན་པ་སོགས་མི་བརྒྱ་ལྷག་གླེང་སྟེགས་ལ་ཞུགས།
ཚོགས་ཞུགས་སྐུ་མགྲོན་དག་གིས་བལྟས་ན། ཀྲུང་གོ་དང་སེ་ཕུའུ་ལུའུ་སི་རྒྱལ་ཁབ་གཉིས་ནི་ཡུན་རིང་གི་དཔལ་ཡོན་ལོ་རྒྱུས་ལྡན་ཞིང་རིག་གནས་ཀྱི་རྨང་མཐུག་པའི་རྒྱལ་ཁབ་ཡིན་པར་འདོད་པ་དང་། ཀྲུང་གོ་དང་སེ་ཕུའུ་ལུའུ་སིའི་དཔལ་ཡོན་དེ་བསྟན་བཅོས་ཁྲོད་དུ་ཐོ་འགོད་བྱས་ནས་རྒྱུན་འཛིན་བྱས་ཡོད་པ་དང་། ཕན་ཚུན་གྱི་སྐད་ཡིག་ཏུ་ལོ་ཙཱ་པར་སྐྲུན་བྱེད་སྐབས་བརྗེ་རེས་མཉམ་འདྲེས་བྱུང་ཡོད་ལ། དྲ་རྒྱའི་པར་སྐྲུན་མཉམ་ལས་ཀྱི་ཁྱབ་ཁོངས་གསར་བར་འཕེལ་རྒྱས་ཟབ་མོ་བྱུང་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་འོང་ཁྲོད་རྒྱ་ཁྱབ་ཏུ་དྲིལ་སྒྲོག་བྱས་ཡོད། དེས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྒུལ་ཤུགས་གསར་བ་བསྣན་ཡོད་པར་མ་ཟད། ཀྲུང་གོ་དང་ཡོ་རོབ་གླིང་གི་དཔལ་ཡོན་བརྗེ་རེས་དཔེར་ལེན་དང་འཛམ་གླིང་དཔལ་ཡོན་གྱི་སྣ་མང་རང་བཞིན་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཟེར།
ཚོགས་ཞུགས་སྐུ་མགྲོན་དག་གིས་བསྟན་དོན། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འདོན་ལག་བསྟར་བྱས་ཏེ། ཀྲུང་གོ་དང་སེ་ཕུའུ་ལུའུ་སིའི་པར་སྐྲུན་མཉམ་ལས་བརྗེ་རེས་ལ་ཤུགས་སྣོན་བྱེད་ན། དཔལ་ཡོན་གྲོས་མོལ་བརྗེ་རེས་ཀྱི་རྐྱེན་སྲོལ་ཅིག་འཛུགས་དགོས་པ་དང་། སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་ལ། དྲ་རྒྱའི་པར་སྐྲུན་མཉམ་ལས་ཀྱི་བར་སྟོང་གསར་བ་རྒྱ་བསྐྱེད་དགོས་པ་དང་། སྣ་མང་ཅན་གྱི་མཉམ་ལས་བརྗེ་རེས་སྟེགས་བུ་བཙུགས་ཏེ། དཔེ་ཆར་བརྟེན་ནས་ཀྲུང་གོ་དང་སེ་ཕུའུ་ལུའུ་སི་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་སེ་ཕུའུ་ལུའུ་སིའི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་མི་གཞུང་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།