ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་བདུན་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་ཏེ། མི་ཉིས་བརྒྱ་དང་སོ་གཉིས་བསད་པ་དང་། གཞན་ཡང་མི་སྟོང་གཅིག་དང་དྲུག་བརྒྱ་གོ་བདུན་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། གཞན་ཡང་དབྱི་སི་རལ་གྱི་སྨན་བཅོས་སྡེ་ཁག་གིས་ཚེས་བདུན་ཉིན་བཤད་རྒྱུར། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་གསར་བའི་འཁྲུག་རྩོད་ལས་དབྱི་སི་རལ་གྱི་མི་ཉིས་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གཅིག་དང་བཞི་བརྒྱ་ལྷག་ལ་རྨས་ཕོག་ཡོད་ཟེར།
ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས་བདུན་ཉིན་དབྱི་སི་རལ་ལ་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཁྱབ་བསྒྲགས་བྱས་ཏེ། མེ་ཤུགས་འཕུར་མདའ་སྟོང་ཕྲག་འགའ་གཏོང་འཕེན་བྱས་པར་མ་ཟད། དྲག་ཆས་མི་སྣ་དག་དབྱི་སི་རལ་གྱི་མངའ་ཁོངས་སུ་སོང་ནས་དབྱི་སི་རལ་གྱི་དམག་དཔུང་བར་འཁྲུག་རྩོད་བྱས་པ་ཡིན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་སྐོར་ཐེངས་མང་བོའི་བར་སྣང་འཇབ་རྒོལ་བྱས་ཏེ་རྒོལ་ལན་སྤྲད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།