དབྱི་སི་རལ་གྱི་ནུས་ཁུངས་པུའུ་ཀྲང་ཁཱ་ཚི་ཡིས་ཚེས་བདུན་ཉིན་གྱི་དགོང་མོར་ཁྱབ་བསྒྲགས་བྱས་དོན། ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་དབྱི་སི་རལ་བར་འཁྲུག་རྩོད་བྱས་པར་རྒོལ་ལན་སྤྲོད་ཆེད། ཁོས་བཀའ་རྒྱ་བཏང་སྟེ་དབྱི་སི་རལ་གྱི་གློག་ཤུགས་ཀུང་ཟི་ཡིས་ཅཱ་ཧྲ་ས་ཁུལ་དུ་གློག་ཤུགས་མཁོ་འདོན་བྱེད་མཚམས་འཇོག་དགོས་པའི་རེ་བ་བཏོན་ཡོད་ཟེར།
ཅཱ་ཧྲ་ས་ཁུལ་གྱི་སུམ་ཆའི་གཉིས་ཀྱི་གློག་ཤུགས་དེ་དབྱི་སི་རལ་གྱིས་མཁོ་འདོན་བྱེད་བཞིན་ཡོད་པ་དང་། དབྱི་སི་རལ་གྱིས་གློག་ཤུགས་མཁོ་འདོན་བྱེད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་པས་སྔར་ལས་ལྷག་པའི་སྒོ་ནས་ཅཱ་ཧྲ་ས་ཁུལ་གྱི་ནུས་ཁུངས་གནས་བབ་ཇེ་སྡུག་ཏུ་འགྲོ་ངེས་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།