ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ལུའུ་ཧྲི་ཏིས་ཀྱིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ཉིན་དེར་ཨུ་རུ་སིར་སོང་ནས། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་མཉམ་དུ་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་འཕེལ་རྒྱས་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཀའེ་ཐི་ཡིས་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གདན་དྲངས་པ་ལྟར་མའོ་སི་ཁོ་རུ་སོང་ནས་བྱ་བའི་འཚམས་འདྲི་བྱས་པ་རེད། ཕྱོགས་གཉིས་ཀྱིས་ཕན་ཚུན་སྤྲོ་བ་ཡོད་པའི་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ཐད་ནས་གྲོས་བསྡུར་རྒྱ་ཆེར་བྱེད་རྒྱུ་ཡིན་ལ། དེའི་ནང་ཅཱ་ཧྲ་ས་ཁུལ་གྱི་མུ་མཐུད་དུ་ཚབས་ཆེན་དུ་འགྱུར་བཞིན་པའི་ཛ་དྲག་གི་གནས་བབ་ཀྱང་འདུས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།