ཏུང་ཏིས་ཝུན་གྱི་ཙུང་ཐུང་ཨོ་ཨར་ཐཱ་ཡིས་ཚེས་དགུ་ཉིན་བསྟན་དོན། ཏུང་ཏིས་ཝུན་གྱིས་ཀྲུང་གོའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དང་། ཀྲུང་གོས་དུས་ཡུན་རིང་བོར་ཏུང་ཏིས་ཝུན་གྱི་སྒེར་ཚུགས་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་མར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ལ། ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཨོ་ཨར་ཐཱ་ཡིས་ཉིན་དེར་ཙུང་ཐུང་བཞུགས་ཤག་ནས་གསར་དུ་འགན་ཁུར་བའི་ཏུང་ཏིས་ཝུན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ཝུན་ལེ་ཡིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད།
ཝང་ཝུན་ལེ་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཏུང་ཏིས་ཝུན་བར་གྱི་འཐབ་ཇུས་སྦྲེལ་མཐུད་ཇེ་ཟབ་ཏུ་གཏོང་འདོད་པ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་བྱས་ཤིང་། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཁྲིད་སྟོན་དུ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། གསར་དུ་འགན་ཁུར་བའི་གཞུང་ཚབ་ཆེན་མོ་ཡིན་པའི་ཆ་ནས། མོས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་ཇེ་ཟབ་ཏུ་འགྲོ་བར་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན་ཟེར།
ཝང་ཝུན་ལེ་ཟླ་བཅུ་བའི་ཚེས་གཅིག་ཉིན་ཏུང་ཏིས་ཝུན་དུ་འབྱོར་ནས་ལས་འགན་གསར་དུ་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།