ཨ་ཧྥུའུ་ཧན་ནས་ཡང་བསྐྱར་ཚད་རིམ་དྲུག་ཡན་གྱི་ས་ཡོམ་དྲག་པོ་བྱུང་།
2023.10.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཨ་ཧྥུའུ་ཧན་ནུབ་བྱང་ས་ཁུལ་དུ་ཚེས་བཅུ་གཅིག་ཉིན་གྱི་ཞོགས་པར་ཚད་རིམ་དྲུག་དང་གྲངས་ཆུང་གསུམ་གྱི་ས་ཡོམ་བྱུང་བ་དང་། ས་ཡོམ་བྱུང་ས་གཙོ་བོ་ནི་ཚེས་བདུན་ཉིན་ས་ཡོམ་དྲག་པོ་བྱུང་སའི་ཧི་ལཱ་ཐིའི་ཉེ་འདབས་ས་ཁུལ་ཡིན་ལ། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་བཅུ་རེད། བསྒྲགས་པའི་གནས་ཚུལ་ལྟར་ན། ཧི་ལཱ་ཐི་རུ་ས་ཡོམ་གྱི་ཚོར་སྣང་དྲག་པོ་བྱུང་བ་དང་། ས་ཡོམ་དབང་གིས་ས་དེར་གློག་ཆད་ཡོད་ཟེར། ཚེས་བཅུ་གཅིག་ཉིན་གྱི་ས་ཡོམ་ལས་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་ང་གསུམ་ལ་རྨས་ཕོག་ཡོད། ཚེས་བདུན་ཉིན་ཨ་ཧྥུའུ་ཧན་ནུབ་བྱང་ས་ཁུལ་དུ་སྔ་གཞུག་ཏུ་ཚད་རིམ་དྲུག་དང་གྲངས་ཆུང་གཉིས་ཀྱི་ས་ཡོམ་ཐེངས་གཉིས་བྱུང་སྟེ། མི་སྟོང་བཞི་ལྷག་ལ་ཤི་རྨས་ཐེབས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།