ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་ཉིན་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཁུའུ་ཕིས་དབྱང་སི་ཁི་དང་ཧི་ཨར་སུང་སོགས་ཀྱི་ཕྱོགས་ནས་ཝུའུ་ཁི་ལན་གྱི་དམག་མི་དང་བཀོད་འདོམ་ལྟ་ཞིབ་བྱེད་ས། སྒྱོགས་མདེལ་མཛོད་ཁང་སོགས་ལ་ཆམ་ཕབ་བཏང་ཟེར། ཨུ་རུ་སིའི་མཁའ་སྲུང་དམག་དཔུང་གིས་ཝུའུ་ཁི་ལན་གྱི་མི་བསྡད་མེད་པའི་གནམ་གྲུ་མང་བོ་འགས་གཏོར་བཏང་ཟེར། ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་དང་ཨུ་རུ་སིའི་མི་སྣས་ཐེངས་མང་བོར་འཐབ་འཁྲུག་བྱས་པ་དང་། ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཨུ་རུ་སིའི་དམག་མི་དང་བཀོད་འདོམ་ཁང་། སྒྲིག་བཅས་བཅས་གཅིག་བསྡུས་ས་ཁུལ་ལ་ཆམ་ཕབ་བཏང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།