ཨ་མེ་རི་ཁའི་དམངས་གྲོས་ཁང་སྤྱི་མཐུན་ཏང་གི་གཙོ་འཛིན་སི་ཁཱ་ལེ་སི་ལ་གྲོས་དཔོན་གྱི་འདེམ་སྒུག་མི་སྣའི་མིང་འདོན་བྱས།
2023.10.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་སྤྱི་མཐུན་ཏང་གི་མི་སྣས་ཚེས་བཅུ་གཅིག་ཉིན་གྲོས་དཔོན་གྱི་འདེམ་སྒུག་མི་སྣའི་ཐད་ནས་ཏང་ནང་ཁུལ་ནས་འདེམ་ཤོག་འཕངས་པ་དང་། དམངས་གྲོས་ཁང་མང་ཕྱོགས་ཏང་གི་གཙོ་འཛིན་སི་ཁཱ་ལེ་སི་མིང་འདོན་བྱས་ཡོད་ལ། དམངས་གཙོ་ཏང་གི་གྲོས་དཔོན་འདེམ་སྒུག་མི་སྣ་དང་མཉམ་དུ་དམངས་གྲོས་ཁང་གི་གྲོས་དཔོན་གྱི་ལས་གནས་ལ་འགྲན་རྩོད་བྱེད་རྒྱུ་རེད།

སི་ཁཱ་ལེ་སི་ཡིས་ཉིན་དེར་དམངས་གྲོས་ཁང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅི་མུའུ་ཆའོ་ཏན་དང་འགྲན་རྩོད་བྱས་པ་དང་། འདེམ་ཤོག་བཅུ་བཞིའི་བར་ཁྱད་ཀྱིས་འགྲན་ཡ་ཕམ་པར་བྱས། དེ་ལས་ཀྱང་དམངས་གྲོས་ཁང་སྤྱི་མཐུན་ཏང་ནང་ཁུལ་གྱི་འགལ་བ་ཚབས་ཆེན་ཡིན་པ་མངོན་པར་མཚོན་ཡོད།

མིག་སྔར་སྤྱི་མཐུན་ཏང་མིས་དམངས་གྲོས་ཁང་དུ་ལས་གནས་ཉིས་བརྒྱ་དང་ཉེར་གཅིག་ཟིན་ཡོད་པ་དང་། དམངས་གཙོ་ཏང་ལས་ལས་གནས་དགུས་མང་བ་ཙམ་རེད། དམངས་གྲོས་ཁང་སྤྱི་མཐུན་ཏང་མིས་མཐུན་སྒྲིལ་བྱས་ཏེ་སི་ཁཱ་ལེ་སི་ལ་རྒྱབ་སྐྱོར་བྱས་ན། ད་གཟོད་གྲོས་དཔོན་འདེམ་བསྐོ་བྱེད་པར་མཁོ་བའི་འདེམ་ཤོག་མང་ཤོས་ཐོབ་ཐུབ་པ་རེད། གལ་སྲིད་སྤྱི་མཐུན་ཏང་མི་འགའ་ཡིས་ངོ་རྒོལ་བྱས་ན། སྔོན་ཆད་ཀྱི་གྲོས་དཔོན་མེད་ཁཱ་ཞེ་ཡི་འགན་བླངས་པ་ལྟ་བུའི་གནས་ཚུལ་འབྱུང་སྲིད།

དམངས་གཙོ་ཏང་ཕྱོགས་ཀྱི་དམངས་གྲོས་ཁང་གི་མི་སྣས་ཚེས་བཅུ་ཉིན་གྱི་དགོང་མོར་གསང་བའི་གྲོས་ཚོགས་བསྡུས་ཏེ། དམངས་གྲོས་ཁང་གི་ཉུང་ཕྱོགས་ཏང་གི་གཙོ་འཛིན་ཅེ་ཧྥོ་ལི་སི་གྲོས་དཔོན་གྱི་འདེམ་སྒུག་མི་སྣར་མིང་འདོན་བྱེད་པར་གཅིག་གྱུར་འཐད་པ་བྱུང་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།