དབྱི་སི་རལ་གྱིས་བྲེལ་མྱུར་སྲིད་གཞུང་བཙུགས་ནས་འཐབ་འཁྲུག་ལས་དོན་ཐག་གཅོད་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
2023.10.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་ངོ་རྒོལ་ཏང་རྒྱལ་ཁབ་མཐུན་སྒྲིལ་ཏང་གི་མགོ་ཁྲིད་པ་ཀན་ཚི་ཡིས་ཚེས་བཅུ་གཅིག་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། བྲེལ་མྱུར་སྲིད་གཞུང་བཙུགས་ནས་འཐབ་འཁྲུག་ལས་དོན་ཐག་གཅོད་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་སྔོན་ཆད་ཀྱི་རྒྱལ་སྲུང་པུའུ་ཀྲང་ཀན་ཚི་དང་ད་ལྟའི་རྒྱལ་སྲུང་པུའུ་ཀྲང་ཅཱ་ལན་ཐི་གཉིས་དང་མཉམ་དུ་བྲེལ་མྱུར་སྲིད་གཞུང་འཛུགས་རྒྱུ་ཡིན་པར་མ་ཟད། ངོ་རྒོལ་ཏང་མ་འོངས་ཏང་གི་མགོ་ཁྲིད་པ། སྔོན་ཆད་ཀྱི་ཙུང་ལི་ལཱ་ཕིས་ཏི་ལ་ལས་གནས་བསྐྱུར་ཡོད་ཀྱང་། ལཱ་ཕིས་ཏི་མིག་སྔར་ད་རུང་དེའི་ནང་ཞུགས་པར་དངོས་སུ་ཁས་ལེན་བྱས་མེད་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་སྐོར་ཐེངས་གསར་བའི་འཁྲུག་རྩོད་སྐབས་སུ། བྲེལ་མྱུར་སྲིད་གཞུང་གིས་འཐབ་འཁྲུག་དང་འབྲེལ་བ་མེད་པའི་བཅའ་ཁྲིམས་འཆར་ཟིན་དང་སྲིད་འཛིན་བཀའ་རྒྱ་གང་ཡང་སྤེལ་མི་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།