སྐོར་ཐེངས་དང་པོའི་ཧྥ་རན་སིའི་བཅའ་སྡོད་དམག་དཔུང་ནེ་ཀྲིར་ནས་ཕྱིར་འཐེན་བྱས།
2023.10.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ནེ་ཀྲིར་སྲིད་འགྱུར་དབང་འཛིན་ལས་ཁུངས་ཀྱི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་ཉིན་གྱི་དགོང་མོར་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་གསལ་སྒྲོག་སྤེལ་ཏེ། སྐོར་ཐེངས་དང་པོའི་ཧྥ་རན་སིའི་བཅའ་སྡོད་དམག་དཔུང་ཚེས་བཅུ་ཉིན་ནེ་ཀྲིར་ནས་ཕྱིར་འཐེན་བྱས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཧྥ་རན་སིའི་ཐེངས་འདིའི་དམག་དཔུང་ཕྱིར་འཐེན་བྱས་པ་ནི་ནེ་ཀྲིར་བར་བཀོད་པའི་ཐུན་མོང་ལྟ་ཚུལ་རྨང་གཞིར་བྱས་པ་ཡིན་ལ། ནེ་ཀྲིར་སྲིད་འགྱུར་དབང་འཛིན་ལས་ཁུངས་ཀྱིས་མང་ཚོགས་དག་གིས་རང་ཚོད་བཟུང་སྟེ། ཧྥ་རན་སིའི་དམག་དཔུང་ཞི་བའི་སྒོ་ནས་ཕྱིར་འཐེན་བྱེད་པར་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།